དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་གཞི་ཚབས་ཆེན་རིགས་ཀྱི་སྨན་བཅོས་བཅོལ་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།   |     སྤེལ་དུས།  2015-12-28

    ཉིན་ཤས་གོང་བོད་རང་སྐྱོངལྗོངས་སྲིད་གཞུང་གིས་བརྡ་ཐོ་བཏང་སྟེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་ཁ་གསབ་ཆེན་མོའི་འགན་བཅོལ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཚབས་ཆེའི་ནད་རིགས་འགན་བཅོལ་ལ་བསྒྱུར་རྒྱུ་དང་། སྤྱི་ལོ་2015ལོའི་སྤྱིའི་འགན་བཅོལ་འགྲོ་གྲོན་སྒོར་བྱེ་བ་གཅིག་ལྷག་ཟིན་པ་དང་མི་གྲངས་ཉིས་འབུམ་བདུན་ཁྲིར་ཁྱབ་པ། མ་དངུལ་གྲབས་གསོག་གི་ཚད་གཞི་མི་རེར་སྒོར་37ཡིན་པས་ནད་ཚབས་ཆེ་རིགས་ཕོག་པའི་ནད་པའི་སྨན་བཅོས་ཀྱི་ཁུར་པོ་རིམ་བཞིན་ནུས་ཡོད་ངང་ཡང་དུ་བཏང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་ད་ལོ་ནད་ཚབས་ཆེ་རིགས་ཀྱི་འགན་བཅོལ་ལས་ཀ་དངོས་སུ་འགོ་ཚུགས་ཤིང་། ཞིང་ཆེན་རིམ་པའི་གཅིག་གྱུར་གྲབས་གསོག་ལག་བསྟར་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།