“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.3བཏང་ནས་སློབ་གྲྭའི་ཁང་པ་སྨི་ངོས་གྲུ་ཁྲི་40གསར་སྐྲུན་དང་སྨི་ངོས་གྲུ་ཁྲི་87བསྐྱར་སྐྲུན་བྱས་པར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་ས་གནས་ནོར་སྲིད་ཀྱིས་ལེ་ལག་ཚང་བའི་སློབ་གསོའི་མ་དངུལ་ལོ་ལྟར་སྒོར་དུང་ཕྱུར་གཅིག་ལས་མི་ཉུང་བ་གཏོང་བ་དང་2014ལོར་ལེ་ལག་ཚང་བའི་མ་དངུལ་བཏང་བར་སྒོར་དུང་ཕྱུར་2.19ཟིན་ཡོད། གྲོང་ཁྱེར་དེས་ད་དུང་འོས་འགན་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྱོང་འདུ་འགོད་དང་། དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་ལས་ཤག་འདུ་འགོད། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་སྐུལ་སྤེལ་གཏོང་བའི་འདུ་འགོད་སོགས་ལག་ལེན་བསྟར་བས་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་།འདི་ནི་བྲག་གཡབ་རྫོང་རང་གྲུབ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མས་ནན་ཏན་ངང་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།