དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནག་ཆུ་རྫོང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་གཞི་རིམ་གློག་བརྙན་སྟོན་མཁན་རུ་ཁག་ལ་གཟེངས་བསྟོད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-24

    ཉིན་ཤས་གོང་། ནག་ཆུ་ས་ཁུལ་ནག་ཆུ་རྫོང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལྟེ་གནས་གྲངས་གཞིའི་གློག་བརྙན་དོ་དམ་ས་ཚིགས་གཞུང་ལས་ཁང་གིས་2015ལོའི་ལོ་འཁོར་གྱི་ཕུལ་བྱུང་གི་གཞི་རིམ་གློག་བརྙན་སྟོན་མཁན་རུ་ཁག་གི་གཟེངས་བསྟོད་ཚོགས་ཆེན་དང་གཞི་རིམ་གྱི་གློག་བརྙན་སྟོན་པའི་སྟོན་ཐེངས་ཁ་གྲངས་ཀྱི་ཁ་གསབ་དངུལ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད།

    ཚོགས་འདུའི་ཐོག 2015ལོའི་ལོ་འཁོར་གྱི་གཞི་རིམ་གློག་བརྙན་སྟོན་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན་གཞི་རིམ་གྱི་གློག་བརྙན་སྟོན་མཁན་རུ་ཁག་5ལ་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའི་དངུལ་སྤྲད་ཡོད། ནག་ཆུ་རྫོང་ཀོ་ལུག་གྲོང་རྡལ་2015ལོའི་ལོ་འཁོར་གྱི་ས་ཁུལ་རིམ་པའི་ཕུལ་བྱུང་གློག་བརྙན་སྟོན་མཁན་རུ་ཁག་ལ་བདམས་ཐོན་བྱུང་ཡོད།

    གཟེངས་བསྟོད་ཚོགས་འདུའི་ཐོག ནག་ཆུ་རྫོང་ལ་2015ལོའི་ལོ་འཁོར་གྱི་གཞི་རིམ་གློག་བརྙན་སྟོན་པའི་སྟོན་ཐེངས་ཁ་གྲངས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། ད་ཐེངས་ཁ་གསབ་རོགས་དངུལ་ཁྱོན་སྒོར་103588སྤྲད་ཡོད། ཁ་གསབ་རོགས་དངུལ་དེ་དག་ནག་ཆུ་གྲོང་རྡལ། ཀོ་ལུག་གྲོང་རྡལ།  ཤོ་མོང་ཤང་། ལྷོ་མ་གྲོང་རྡལ། ལོ་སྨད་ཤང་། རྟ་ཆེན་ཤང་བཅས་ཤང་དང་གྲོང་རྡལ་6གི་གློག་བརྙན་སྟོན་མཁན་རུ་ཁག་ལ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།