དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་གྲོང་ཚོ་ཡོངས་ལ་ཁྱབ་པ་བྱེད་པའི་དམིགས་ཚད་བསྒྲུབས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-12-24

    ད་ལོའི་ལོ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་2284བར་མང་དུ་བཏང་བ་དང་།  ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་འཚོ་བ་དང་ལས་ཀའི་ཁ་གསབ་རོགས་དངུལ་སྒོར་ཁྲི་ཚོ་1142དོན་འཁྱོལ་བྱས་ཡོད་པས།  གྲོང་ཚོ་རེར་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་གཉིས་རེ་ཡོད་པ་བྱེད་རྒྱུ་དང་ཚན་རྩལ་ཆེད་མངགས་པ་གྲོང་ཚོ་ཡོངས་ལ་ཁྱབ་པ་བྱེད་པའི་དམིགས་ཚད་བསྒྲུབས་ཡོད།

    ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པའི་ལས་དོན་དེ་སྤྱི་ལོ་2005ལོར་སྤེལ་ཚུན་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པས་སྔོན་ཐོན་མཁོ་ཆོད་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་གཏོང་བ་དང་།  ཞིང་འབྲོག་ལས་ཐོན་ལས་ཅན་དུ་སྐུལ་འདེད་གཏོང་བ།  ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ།  དཔལ་འབྱོར་གྱི་འཕར་གནས་གསར་པ་སྐྱེ་བསྲིང་བྱེད་པ།  ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ།  དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་འཁྲིད་སྟོན་ཞབས་ཞུའི་ནུས་པ་ཆེན་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།