དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉེ་བའི་ལོའི་ནང་བོད་རྒྱུད་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་བྱུང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-12-24

    རང་ལྗོངས་ཀྱི་བོད་སྨན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13ལས་བརྒལ་ཏེ་བོད་རྒྱུད་གསོ་རིག་དང་བོད་སྨན་ཁེ་ལས་ཁ་ཅིག་གི་གཞི་ཁྱོན་ཆེ་རུ་འགྲོ་བཞིན་ཡོད་པ་དང་།  བོད་རྒྱུད་གསོ་རིག་དང་བོད་སྨན་གྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཟིན་ཏེ་བོད་སྨན་ཁ་ཅིག་ཕྱིར་ཚོང་བྱས་པར་མི་རིགས་གཞན་དག་གི་ནད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    བོད་རྒྱུད་གསོ་རིག་དང་བོད་སྨན་ནི་དེང་སྐབས་རང་རྒྱལ་དུ་ཆ་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་རིགས་གསོ་རིག་དང་སྨན་རྫས་ཀྱི་གྲས་ཤིག་ཡིན་ལ།  ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་བསམ་ཕྱོགས་ཆེ་མོ་དང་འཐབ་ཕྱོགས་ཆེ་མོའི་ཐོག་ནས་བོད་རྒྱུད་གསོ་རིག་དང་བོད་སྨན་བྱ་གཞག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཁྲོམ་ར་སྒུལ་ཤུགས་སུ་བྱས་ཏེ་བོད་སྨན་ཐོན་ལས་ཀྱི་འཆར་འགོད་བཟོ་བ།  བོད་སྨན་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་བཏང་བ།  བོད་སྨན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་ཤུགས་ཆེ་བྱས་པ་བཅས་མ་ཟད།  བོད་སྨན་ཁེ་ལས་ཀྱི་མ་འཇོག་དང་མ་དངུལ་བསྡུ་རུབ་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་བོད་སྨན་ཐོན་ལས་གོང་འཕེལ་ཆེན་པོ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པས་དེང་སྐབས་གཞི་ཁྱོན་ལྡན་པའི་བོད་སྨན་ཁེ་ལས་ཁ་ཅིག་ཐོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  དེང་སྐབས་རང་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་18བར་འཕེལ་རྒྱས་བྱུང་བ་ཚང་མར་རྒྱལ་ཁབ་སྨན་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ཚད་ལྡན་གྱི་ཁས་ལེན་ཐོབ་ཡོད་པ་དང་།  དེ་དག་ནང་ཆེས་བྲིན་བོད་སྨན་དང་བོད་ལྗོངས་སྨན་ལས་སོགས་བོད་སྨན་ཀུང་སི་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།