དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སའི་མཐོ་སློབ་བྱ་གཞག་གསར་གཏོད་ཀྱི་རྟོག་ཞིབ་ཚོགས་པ་ཧྲང་ཧའེ་རུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-10

    ཧྲང་ཧའེ་ཡི་མཐོ་སློབ་བྱ་གཞག་གསར་གཏོད་རྨང་འདིང་རྟེན་གཞི་དང་དེ་བཞིན་མཐོ་གསར་ཚན་རྩལ་གླིང་ཁུལ་གྱི་སྔོན་ཐོན་དོ་དམ་འདུ་ཤེས་དང་མདུན་གྲལ་གྱི་གཉེར་སྐྱོང་བྱེད་སྟངས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་ནུས་པ་མཐོ་རུ་གཏོང་ཆེད། མིག་སྔར། ལྷ་ས་གྲོང་ཁྱེར་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་རྨང་འདིང་རྟོག་ཞིབ་ཚོགས་པ་ཐུང་ཅི་སློབ་ཆེན་དུ་བསྐྱོད་དེ་བྱ་གཞག་གསར་གཏོད་ཁུལ་དང་ཀྲུང་གོའི( ཧྲང་ཧའེ) བྱ་གཞག་གཏོད་མཁན་གྱི་སྤྱི་པའི་རྩལ་ནུས་ཀྱི་སྦྱོང་བརྡར་རྟེན་གཞི་སོགས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་ཡོད།

    རྟོག་ཞིབ་ཚོགས་པས་ཐུང་ཅི་སློབ་ཆེན་བྱ་གཞག་གསར་གཏོད་ཁུལ་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་རིང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་ལས་གཏོད་ཁུལ་གྱི་སྒོ་དབྱེའི་སྟེགས་བུར་སྦྱོང་བརྡར་དང་། ལས་གནས་ཐོག་ཏུ་དངོས་སུ་ནང་སྦྱོང་། སྣ་མང་ཅན་གྱི་དུས་མཇུག་གི་རོགས་སྐྱོར་དང་བྱ་གཞག་གསར་གཏོད་ཀྱི་བྱེད་སྒོའི་ཁྲིད་སྟོན་ནུས་པ་འདོན་སྤེལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཡོད།

    བཞུགས་མོལ་ཚོགས་འདུའི་རྗེས་སུ། རྟོག་ཞིབ་ཚོགས་པ་ཀྲུང་གོའི( ཧྲང་ཧའེ) བྱ་གཞག་གཏོད་མཁན་གྱི་སྤྱི་པའི་རྩལ་ནུས་ཀྱི་སྦྱོང་བརྡར་རྟེན་གཞིར་བསྐྱོད་པ་དང་། ཚང་མས་དངོས་སྦྱོང་རྟེན་གཞིའི་ཐོན་རྫས་གསར་གཏོད་དང་ཚོང་ལས་གསར་གཏོད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།