དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བ་ཕྱུགས་ཀྱི་གྲོད་པ་སྦོས་པ་བཅོས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-09

    དབྱར་དུས་སུ་བ་ཕྱུགས་ཀྱིས་སྔོ་རྩྭ་བཟས་དྲགས་ཏེ་ཕོ་བར་ན་ཟུག་གཏོང་བ་དང་ཁ་དོག་ལྡང་སེར་ཡིན་པའི་ལྕི་བ་སླ་པོ་བཤལ་བ་སོགས་བྱས་ནས་བ་ཕྱུགས་ཀྱི་གཟུགས་གཞི་མི་བདེ་བར་གྱུར་གྱི་ཡོད། དེའི་ནད་རྟགས་གཙོ་བོ་ནི་བ་ཕྱུགས་ཀྱི་གྲོད་པ་སྦོས་པ་དང་ལྡད་རྒྱག་མཚམས་བཞག་པ་མ་ཟད་རྒྱུན་དུ་སྐྱུག་ལྡང་ཡང་ཡང་བྱེད་པ། མིག་སྐྱི་དམར་སྨུག་ཆགས་པ། གཅིན་པའི་ཁ་དོག་སེར་པོར་གྱུར་པ་སོགས་ཀྱི་ནད་རྟགས་མངོན་གྱི་ཡོད། ནད་རྟགས་དེ་རིགས་ཐོན་སྐབས་དུས་ཐོག་ཏུ་ཕྱུགས་ནད་སྨན་བཅོས་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་དགོས་པའམ་ཡང་ན་ཡུལ་ཐབས་ལ་བརྟེན་ནས་སྨན་བཅོས་བྱ་ཐབས་སྤེལ་དགོས་པ་སྟེ། 

    དྲི་ཞིམ་སྣུམ་ཁེ་250 —300དང་། སོ་མ་རཱ་ཛཱའི་རྐང་ཡུ་སྐམ་པོ་ཞིབ་འཐག་འཕྲུལ་འཁོར་ནང་བླུགས་ནས་ཕྱེ་མ་བཟོས་རྗེས་འོས་མཚམ་གྱིས་འདྲེས་སྦྱོར་བྱས་ཏེ་མེ་ཐབ་སྟེང་ཚ་པོ་བཟོས་ནས་བཤལ་ནད་ཕོག་པའི་བ་ཕྱུགས་ལ་ཉིན་རེར་ཐེངས་2བྱས་ཏེ་ཉིན་3བསྟུད་མར་སྟེར་ན་དྲག་སྐྱེད་ཡོང་ཐུབ། 

    རི་སྐྱེས་གོ་སྙོད་ཕྱེ་མ་ཁེ་20—30དང་། གཡེར་མ་ཕྱེ་མ་ཁེ་5 —7ཆུའི་ནང་བླུགས་ནས་བསྐོལ་རྗེས་ཁུ་བ་དེ་ཉིན་རེར་ཐེངས་3བྱས་ནས་ཉིན་3—4 བསྟུད་མར་སྟེར་ན་དྲག་སྐྱེད་ཡོང་ཐུབ། སྲན་མ་སེར་པོ་ཁེ་30—40དང་འདམ་རྩའི་རྩ་བ་ཕྱེ་མ་ཁེ་50—60ཆུའི་ནང་སྐར་མ་2—3བསྐོལ་བའི་ཁུ་བ་དེ་ཉིན་རེ་ཐེངས་2ལྟར་ཉིན་4—5བསྟུད་མར་སྟེར་ན་དྲག་སྐྱེད་ཡོང་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།