དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཕྱོངས་རྒྱས་རྫོང་གིས་སློབ་གྲྭར་ཁྲལ་ཁྲིམས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-09

    ཉེ་ཆར། འཕྱོངས་རྒྱས་རྫོང་རྒྱལ་ཁྲལ་ཅུས་ཀྱིས་འཕྱོངས་རྒྱས་རྫོང་སྡོང་དཀར་གྲོང་ཚོའི་བུ་བཅོལ་ཁང་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ“སློབ་གྲྭར་ཁྲལ་ཁྲིམས་དྲིལ་བསྒྲགས་བྱེད”ཅེས་བྱིས་པར་དོ་ཁུར་བྱེད་པའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་གོ་བདེ་ཤེས་སླ་དང་། འཚོ་བ་དང་ཉེ་བཅར་ཆེ་བའི་འགུལ་བརྙན་པར་རིས་དང་གསོན་ཉམས་དོད་པོའི་མཉམ་འགུལ་རོལ་རྩེད། དེ་བཞིན་དྲི་ལན་བཏབ་ཐུབ་ན། བྱ་དགའ་སྤྲོད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་དོན་སྙིང་ཟབ་ལ་གོ་བདེ་བའི་ཐོག་ནས་སློབ་ཆུང་སློབ་མ་ཚོས་ཁྲལ་བསྡུའི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྒྱུན་སྲོལ་ཤེས་པ་བྱས་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད་ཕྲུ་གུ་ཚོས་ཁྲལ་བསྡུའི་དོན་སྙིང་དང་། འབྱུང་ཁུངས། སྤྱོད་སྒོ་བཅས་དང་དེ་བཞིན་ཁྲལ་བསྡུ་དང་ཚང་མའི་སློབ་སྦྱོང་དང་འཚོ་བའི་འབྲེལ་བ་ཤེས་པ་མ་ཟད། སློབ་མ་ཚང་མའི་སེམས་ལ“ཆུང་དུས་ནས་ཁྲིམས་ལྟར་ཁྲལ་འཇལ་བ་དང་རང་ཉིད་ནས་འགོ་བརྩམས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ལུགས”ཟུག་པ་བྱས་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།