
ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་སྤྱི་ཚོགས་ལས་ཞུགས་ལ་སྐུལ་འདེད་དང“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་འཐུས་ཚང་དང་དེང་རབས་སློབ་གསོ་བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བའི་རྨང་གཞིའི་ཐོག སློབ་གཉེར་ལ་སྔར་བས་སྒྱུར་བཅོས་དང་། སློབ་གཉེར་གྱི་གཞི་ཁྱོན་ཆེ་རུ་བཏང་བས། ལྗོངས་ཡོངས་ཀྱི་ལས་རིགས་སློབ་གསོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དགེ་རྒན་གྱིས་སློབ་མར་མ་བྱན་གྱི་ལག་རྩལ་སློབ་བཞིན་པའི་གནས་ཚུལ་ཡིན་པ།