དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བདེ་ཐང་འཚོ་བའི་ཁྲོད་ཀྱི་འཛེམ་བྱ་བཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-27

    1.ཞོགས་པ་ལངས་མ་ཐག་ཐ་མག་འཐེན་རྒྱུ་མེད། ཐ་མག་དུ་བས་གློ་ཡུར་ལ་ཟ་ཕྲུག་ལངས་ཏེ། ཁོག་པའི་ནང་གི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་པར་འགོག་རྐྱེན་བཟོ་བས། དེས་ན། དབུགས་གཏོང་དཀའ་བ་དང་། མགོ་ཡུར་འཁོར་བ། ལུས་པོར་ཤུགས་མེད་པ་ཆགས་ཀྱི་ཡོད།

    2.གྲོད་པ་སྟོང་པར་འོ་མ་བཏུང་རྒྱུ་མེད། གྲོད་པ་སྟོང་པར་འོ་མ་བཏུངས་ན། འོ་མའི་ནང་གི་སྤྲི་དཀར་ཕོ་བར་འཇུ་ཁོམ་མ་བྱུང་བར་རྒྱུ་མའི་ནང་འགྲོ་བས། འཚོ་བཅུད་འཕྲོ་བརླག་འགྲོ་བ་མ་ཟད། འོ་མའི་སྤྲི་དཀར་རྣམས་རྩམ་ལོང་ནང་རུལ་ནས་གནོད་བྱེད་ཀྱི་རྒྱུར་འགྱུར་གྱི་ཡོད།

    3.ཚགས་པར་སོགས་ལྟ་གིན་གསང་སྤྱོད་དུ་བཙོག་པ་བཏང་ནས་དུས་ཚོད་རིང་པོ་སྡོད་རྒྱུ་མེད། བཙོག་པ་གཏོང་གིན་དུ་ཚགས་པར་སོགས་ལ་གཡེངས་ནས་བསྡད་ན། བཙོག་པ་གཏོང་འདོད་མེད་པར་གྱུར་ནས་བཙོག་པ་ཐོན་དཀའ་བས། དེ་ལྟར་ཡུན་རིང་པོ་སོང་ན། ལང་ཤོར་རང་བཞིན་གྱི་བཙོག་པ་འགག་པའི་ནད་ཕོག་སླ།

    4.སྡོད་ཁང་དུ་སྲོག་ཆགས་ཆུང་རིགས་གསོ་རྒྱུ་མེད།

    སྲོག་ཆགས་ཀྱི་ལུས་པོར་ཚད་གཞི་མི་འདྲ་བའི་ནད་དུག་འབུ་ཕྲ་སྦྱར་ནས་བསྡད་ཡོད་པས། འབུ་ཕྲ་དེ་རིགས་མཁའ་རླུང་ནང་གཡེངས་ནས་མི་ཚོའི་དབུགས་ལམ་བརྒྱུད། ཁོག་པའི་ནང་དུ་འཛུལ་ཚེ། དབུགས་ལམ་སྐྱི་མོར་ཁྲག་རྒྱོང་བ་དང་གློ་རྒྱག་པ། ལུད་པ་མང་བ། ཚ་བ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ཚབས་ཆེ་བ་ཁག་གཅིག་ལ་གློ་ཚད་ཁྲིད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།