དང་པོ། ངལ་དུབ་སེལ་ཐུབ་པ། ཚུའུ་ལ་མིའི་ལུས་པོའི་ངལ་དུབ་སེལ་བྱེད་ཀྱི་དངོས་པོའི་གྲས་ཤིག་སྟེ་འོ་སྐྱུར་དབྱེ་ཕྲལ་བྱེད་པའི་ནུས་པ་ལྡན་པ་མ་ཟད། ད་དུང་འོ་སྐྱུར་སྔོན་འགོག་བྱེད་ཐུབ།
གཉིས་པ། ནད་འབུ་ཕྲ་མོ་གསོད་ཤུགས་ཆེ་བ། ནད་འབུ་ཕྲ་མོ་ཕལ་ཆེ་བ་ཚུའུ་ནང་སྐར་མ་30ཡན་བཞག་ན་ཚང་མ་ཤི་འགྲོ་གི་ཡོད།
གསུམ་པ། ཁྲག་ཤེད་གཅོག་པ། ཚུའུ་ལ་མིའི་ལུས་ཁམས་ཀྱི་ནཱ་ཕྱིར་འབུད་བྱེད་པ་དང་རྙིང་ཚབ་གསར་བརྗེ་བྱེད་པའི་ནུས་པ་ལྡན་པར་བརྟེན་ཁྲག་ཤེད་གཅོག་པའི་ནུས་པ་ལྡན་ཡོད།
བཞི་པ། བཟའ་ཚྭ་མང་དྲགས་པ་སྔོན་འགོག་བྱེད་ཐུབ། ཤ་སྨན་གྱི་རིགས་ཤིག་ཡིན་པའི་ཚུའུ་ཡིས་མིའི་ལུས་པོའི་ནང་ཚྭ་དང་ཅང་ཡིའུ་འདུས་ཚད་ཉུང་དུ་གཏོང་ཐུབ་པར་བརྟེན་སྙིང་ཁམས་ཁྲག་རྩའི་ནད་གཞི་ཕོག་མཁན་ངོས་ནས་བཤད་ན་བཟའ་བཅའ་ཡག་ཤོས་ཤིག་ཡིན།
ལྔ་པ། ར་བཟི་སྔོན་འགོག་བྱེད་ཐུབ། ཆང་རག་འཐུང་སྐབས་ཚུའུ་བཏུང་ན་ར་བཟི་རྒྱུ་སྔོན་འགོག་ཐུབ་ཀྱི་ཡོད།
དྲུག་པ། ཀལ་བསྡུ་ལེན་བྱེད་རྒྱུར་ཕན་པ་ཡོད་པ། ཚུའུ་དང་ཀལ་མཉམ་དུ་ཟས་སྤྱོད་བྱེད་སྐབས་ཀལ་དང་ཚུའུ་སྐྱུར་མཉམ་བསྲེས་བྱུང་ནས་གཟུགས་པོར་ཧ་ཅང་ཕན་པའི་ཚུའུ་དེ་ཀལ་ལ་འགྱུར་སྲིད།
བདུན་པ། འཚོ་བཅུད་ག་པ་སྲུང་སྐྱོབ་ཐུབ་པ། འཚོ་བཅུད་ག་པ་ནི་སྐྱུར་ཤས་ཆེ་བར་བརྟེན་སྐྱུར་མོ་ཡོད་པའི་གནས་ཚུལ་འོག་གཏོར་བཤིག་ཕོག་སླ་པོ་ཡོད། ཚུའུ་ནི་སྐྱུར་གཤིས་ཡིན་པར་བརྟེན་འཚོ་བཅུད་ག་པ་ལྡན་པའི་བཟའ་བཅའ་གཡོས་སྦྱོར་བྱེད་སྐབས་ཚུའུ་གང་འཚམ་བསྣན་ན་འཚོ་བཅུད་ག་པར་གཏོར་བཤིག་མ་ཕོག་པར་དེའི་བསྡུ་ཚད་ཆེ་རུ་གཏོང་ཐུབ།
བརྒྱད་པ། ལུས་ཁམས་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་བའི་ནུས་པ་ལྡན་པ། སྲོག་ཆགས་ལ་ཞིབ་འཇུག་བྱས་པ་བརྒྱུད་ཚུའུ་ཡིས་ཁྲག་ནང་གི་དུག་སྲིན་འགོག་པའི་ནུས་པ་ཆེ་རུ་གཏོང་བའི་ནུས་པ་ཐོན་ནས་རིམས་འགོག་གི་ནུས་པ་ལྡན་པའི་རྨེན་བུའི་ཕྲ་ཕུང་གི་ནུས་པ་ཆེ་རུ་ཕྱིན་ཏེ་ནད་གཞི་འགོག་ནུས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད།