དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-24

    W020151118549089373429.jpg

    ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས།

    W020151118549089535334.jpg

    ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས།

    W020151118549089533647.jpg

    ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས།

    W020151118549089534591.jpg

    ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས།

    ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་བསྡུས།ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་ཁང་དང་། ཁུལ་སློབ་གསོ་ཅུའུ། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཏུའུ་ལན་རྫོང་མི་རིགས་སྐད་ཡིག་ལས་དོན་ཁང་དང་། རྫོང་སློབ་གསོ་ཚན་རྩལ་ཅུའུ། རྫོང་མི་རིགས་སློབ་འབྲིང་བཅས་ཀྱིས་འགན་སྒྲུབ་གནང་བའི་ཚྭ་འདམ་གཞོང་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དྲུག་པ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ནས་བསྡུས་ཤིང་། ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་ཁུལ་ཡོངས་ཀྱི་མི་རིགས་སློབ་གྲྭ8ནས་ཕེབས་པའི་དགེ་སློབ་སྟོང་ལ་ཉེ་བ་ཐེངས་འདིའི་འགྲན་ཚོགས་ཡུལ་དངོས་སུ་ཕེབས།

    ཐེངས་འདིའི་འགྲན་ཚོགས་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར༧༠ལོན་པར་རྗེས་དྲན་ཞུ་བའི་བརྗོད་དོན་སྲོག་ཤིང་དུ་བཟུང་ནས། རྒྱ་ཆེ་བའི་ན་ཆུང་གཞོན་ནུ་རྣམས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་སྐྱེད་སྲིང་བྱ་རྒྱུ་དང་། ན་ཆུང་སློབ་གྲོགས་རྣམས་ཀྱིས་ཆུང་དུས་ནས་མི་རིགས་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱས་ནས་མི་རིགས་སྐད་ཡིག་གི་བཀོལ་སྤྱོད་དང་རྩོམ་རིག་འབྲི་སྦྱོང་ཐད་ཀྱི་ནུས་པ་མཐོར་འདེགས་བྱ་རྒྱུ། གཞན་ཡང་མི་རིགས་ས་ཁུལ་གྱི་སློབ་མ་རྣམས་ཀྱིས་རང་གི་སྐད་དང་ཡི་གེ་བཀོལ་ནས་གསར་རྩོམ་བྱེད་ཐུབ་པའི་ནུས་པ་སྐྱེད་སྲིང་དང་། སློབ་རའི་རིག་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་འདི་བསྡུས་པ་ཡིན་ལ། ཚོགས་འདུ་འདི་ལྟ་བུ་བརྒྱུད་ནས་མཚོ་ནུབ་ཁུལ་གྱིས་ན་ཆུང་སློབ་བུ་མང་པོའི་བློ་གྲོས་ཀྱི་གཤིན་སར་མི་རིགས་སྐད་ཡིག་དང་རྩོམ་རིག་གསར་རྩོམ་གྱི་ས་བོན་གྲངས་མེད་གཏོར་ཏེ་མ་འོངས་བའི་མཚོ་ནུབ་ས་ཁུལ་གྱི་མི་རིགས་སྐད་ཡིག་འཕེལ་རྒྱས་དང་སློབ་གསོ་ཡར་སྐུལ། རྩོམ་རིག་གསར་རྩོམ་སོགས་ཀྱི་ཐད་འཇོན་མི་མང་པོ་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།