
ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྤེལ་རྒྱུ་སྔོན་འགོག་གིས། སློབ་གསོ་དང་སྔོན་འགོག་གཙོ་བོར་བཟུང་ནས། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཡོད་པའི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་བཏོད་དེ། དྲུག་གཅིག་བྱིས་པའི་དུས་ཆེན་དང་ལྔ་བཞི་གཞོན་ནུའི་དུས་ཆེན། གཟའ་འཁོར་རེའི་རྒྱལ་དར་སྒྲེང་བའི་མཛད་སྒོ། སློབ་གྲྭའི་རྒྱང་བསྒྲགས། དྲིལ་བསྒྲགས་སྒྲོམ་སྟེགས་སོགས་སྤྱད་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅིང་།
འདི་ནི་སློབ་ཕྲུག་ཚོས་གློག་ཀླད་སློབ་ཁང་ནང་ཁྲིམས་ལུགས་ཤེས་བྱ་སྦྱོང་བཞིན་པ།