དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་གྱིས་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    ཉེ་ཆར། གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་ཧུར་ཐག་བྱས་སྟབས། ཁྲེང་ཀོན་ཆུས་ནོར་སྟོད་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་དུ་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཚོར་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་སྟེ་རྒྱ་ཆེའི་ཡུལ་མི་མང་ཚོགས་ཚོའི་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པས། ཉེ་འཁོར་གྱི་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པ་ཚོས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་བུད་མེད་ཚོར་བདེ་ཐང་གི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཆབས་ཅིག གྲོང་མི་ཚོར་བུད་མེད་ཀྱི་བདེ་ཐང་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་ཡོད། བྱེད་སྒོ་སྤེལ་རིང་སྡེ་ཁུལ་གྱི་དང་བླངས་པ་ཚོས་དྲིལ་བསྒྲགས་དཔེ་དེབ་130ལྷག་ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།