དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་གྲུབ་འབྲས་གསུམ་ལ་ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    ཉེ་དུས་ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་མཚེས་ཀྱི་བརྩེ་བ་ཞེས་པའི་དང་བླངས་ཞབས་ཞུའི་གྲུབ་འབྲས་ཀྱི་བྱ་དགའ་ཁྱབ་བསྒྲགས་བྱས་པ་དང་།   ལྷ་ས་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་གྲུབ་འབྲས་གསུམ་ལ་ཕུལ་བྱུང་ལག་ལེན་གྱི་གྲུབ་འབྲས་བྱ་དགའ་ཐོབ་པ་རེད།

    ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གི་འགན་ཁུར་མི་སྣས་གསར་འགོད་པར།  ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་སྔར་ནས་ད་བར་དང་བླངས་ཞབས་ཞུ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་དང་།   རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གསར་གཏོད་གཏིང་ཟབ་བྱེད་རྒྱུའི་ཕན་འབྲས་ལྡན་པའི་གཞི་རྟེན་ཞིག་ལ་བརྩི་གི་ཡོད་ཅེས་གསུངས་པ་རེད།  

    རགས་རྩིས་བརྒྱབ་པར་གཞིགས་ན།   ལྷ་ས་གྲོང་ཁྱེར་དུ་དང་བླངས་པ་མི་ཐེངས་ཁྲི་ཚོ༢༣ལྷག་ཙམ་ཡོད་པ་དེ་དག་གིས་རིགས་ཁག་གི་དང་བླངས་ཞབས་ཞུ་ཐེངས་གྲངས༢༠༠༠༠ལྷག་ཙམ་ནང་ཞུགས་ཏེ།   ལྷ་ས་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་།   གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི་དང་གྲོང་མིའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་རྒྱུའི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།།


    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།