དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཁྱག་སྒམ་བེད་སྤྱོད་བྱེད་སྟངས་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-04

    གཅིག འཁྱག་སྒམ་ནང་གྲང་རླུང་རྒྱུག་བདེ་བའི་ཆེད་སྟོང་ཆ་ངེས་ཅན་ཞིག་འཇོག་དགོས་པ་ལས་ཟས་རིགས་ལྡག་ལྡག་བླུག་རྒྱུ་མེད།

    གཉིས། ཟས་རིགས་རྗེན་པ་དང་འཚོས་མ་ལོགས་སུ་འཇོག་དགོས། ཡག་ཤོས་བྱུང་ན་ཟས་རིགས་རྣམས་ཟས་རིགས་བླུག་སའི་འགྱིག་སྣོད་དམ་སྣོད་ཆས་ནང་བླུགས་ཏེ་འཇོག་དགོས།

    གསུམ། དྲོད་ཚད་སྙོམས་སྒྲིག་གི་ཨང་ཀི་དེ་གང་མཐོ་སར་བསྐྱལ་ན་གློག་གི་ཟད་གྲོན་ཡང་དེ་བས་ཆེ་བ་ཡོད། འཁྱག་སྒམ་ནང་ཆགས་པའི་བ་མོ་དག་དུས་ཐོག་ཏུ་གཙང་མ་བཟོ་དགོས། དུས་ཐོག་ཏུ་གཙང་མ་མ་བཟོས་ན་གློག་གྲོན་ཆེ་ལ་འཁྱག་གཏོང་ནུས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

    བཞི། འཁྱག་སྒམ་ནང་ཟས་རིགས་ཚ་པོ་ཐད་ཀར་བླུག་རྒྱུ་མེད་ལ་དེའི་ནང་འཁྱག་རྡོག་ཆེན་པོའང་བཟོ་རྒྱུ་མེད།

    ལྔ། ངེས་པར་དུ་འཆར་གཞི་དང་དུས་ཚོད་ཡོད་པའི་སྒོ་ནས་འཁྱག་སྒམ་ཕྱེ་ནས་ཟས་རིགས་ལེན་པའམ་འཇུག་དགོས།

    དྲུག འཁྱག་སྒམ་རྒྱུན་དུ་ནས་གཙང་མར་འཇོག་དགོས་པ་དང་སྤྱིར་ན་གཟའ་འཁོར་གཉིས་རེར་གཙང་སྦྲ་ཐེངས་རེ་ངེས་པར་དུ་བྱེད་དགོས།

    བདུན། ཉོས་མ་ཐག་པའི་འཁྱག་སྒམ་གསར་པ་བེད་སྤྱོད་བྱེད་སྐབས་ཕལ་ཆེར་འཕྲུལ་འཁོར་གྱི་སྒྲ་ཆེན་པོ་སྒྲོག་སྲིད་པས་གནས་ཚུལ་དེ་རིགས་འཕྲད་སྐབས། འཕྲུལ་འཁོར་སྤྱོད་པ་དང་སྦྲགས་ཏེ་ལག་པས་འཁྱག་སྒམ་གྱི་སྒང་ནས་བསྐྱོར་ཏེ་རྒྱབ་མདུན་ནམ་གཡས་གཡོན་དུ་ཁ་སྒྱུར་བཞིན་པར་སྒྲ་ཆེ་ཆུང་ཉན་ཏེ་འཇོག་དགོས་པ་མ་ཟད། འཁྱག་སྒམ་སུག་མཐིལ་གྱི་འཁོར་ལོའི་གཅུས་གཟེར་བཅོས་སྒྲིག་བྱས་ནས་བརྟན་པོ་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།