དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-23

    རྒྱ་རྩིས་དགུན་འབྲིང་མེ་ཕོ་བྱི་ཟླ་ཆེ་བ། ཚེས་8རྟའི་ལྔ་ཆ་བཞི་ནས་རང་ཟླའི་དབུགས་ཐོབ། གྲང་ཟུག་སྐྱེ། སད་བ་མོ་འབབ། ཚར་མར་རུལ་སྐྱོན་མི་ཡོང་བ་དང་། མེ་སྐྱོན་ལ་གཟབ་ནན་གྱིས་གཡུལ་ལས་གཏོང་དགོས། སྟོན་གྱི་ཤ་གདན་འཁོར་མིན་ལ་གཟིགས། ཚེས་16ལུག་གི་ལྔ་ཆ་ལྔ་ནས་ནམ་མཁའི་ནོར་བུ་འདེགས་བྱེད་ཁབ་ཏུ་སོན། ཟླ་བདག་འཇམ། རང་ཟླའི་ཚེས་16ནས་ཕྱི་ཟླའི་ཚེས་16བར་བུམ་སྟོང་ནུབ། སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཁ་རླུང་གྲང་ངར་འཕེལ་བའི་དུས་དེར་ཟོག་རྭ་རི་ཀླུང་མཚམས་སུ་སྐྱས་སྤོ་རན་པས་ཕྱུགས་རིགས་ལ་དྲོ་བཅོས་བྱ་དགོས། ཚེས་ཉེར་གཉིས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན། ཚེས་24བྱའི་ལྔ་ཆ་གཉིས་ནས་སྟོན་ཐ་མའི་རང་སྒང་ཟིན། བ་མོ་ཆེར་འབབ། ངང་པ་ལྷོར་འགྲོ འཁྱིལ་ཆུར་ཁ་འཁྱགས་འོང་། ཆར་པ་ཁ་བར་འགྲོ ཞིང་འབྲོག་ཁུལ་དུ་ས་བབས་ལ་གཞིགས་ཏེ་འཁྱག་ཆུ་གཏོང་བ་དང་། ས་ཚན་སྲུང་རྒྱུའི་ལས་ཀར་དམ་འཛིན་བྱ་དགོས། རྟེན་འབྲེལ་སྐྱེ་བ། ཚེས་19འབྲུག་གི་ལྔ་ཆ་གཅིག་ནས་ཚེས་20ཡོས་ཀྱི་ལྔ་ཆ་གསུམ་བར་ཉི་མ་ནག ལྔ་ནུབ། དགུ་ཤར། ཟིན་ཕུང་ཤར་ནས་ནུབ་ཏུ་ནམ་ཕྱེད་རྒྱུ། ཡོས་རྫོགས་ནས་ལྡོག ཧལ་ཁྱི་ལྷོ་སྟོད། འབྲུག་རྗེ་ཐབ་དང་སྒྱེད་པུར་གནས། ཡས་ལམ་ནུབ། ཕུག་ལུགས་གྲུབ་པའི་ཚེས་9ཆད། ཚེས་3ལྷག དཔལ་ལྡན་བྱེད་པའི་ཚེས་16ཆད། ཚེས་28ལྷག

    སྤྱི་ལ་ཟླ་འདིར་འབྱུང་བ་མེ་རླུང་ཁམས་ཤས་ཆེ་བས་ཡུལ་སྤྱིར་འབབ་ཚད་ཞན། རླུང་བུ་ལྡང་། བྱེ་བྲག་ཚེས་12ནས་ལྷག་པ་སྡིག་སྤྱོད་སྐར་མར་གནས་ཤིང་། སངས་ཕུར་ཁྱིམ་གཅིག་འཛོམས་པས་ཤར་དང་། ཤར་ལྷོ། ལྷོ་ནུབ་སོགས་ས་གནས་ལ་ལར་རྡུལ་རླུང་ལྡང་ཞིང་ཁ་ཆར་འཚུབ་པ་དང་ས་གཡོ་སོགས་རང་བྱུང་གནོད་འཚེར་དོགས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།