དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་ཕྲུ་གུ་སྦུག་གསོའི་ལྟེ་གནས་དང་པོ་དེ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-10-18

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་ཕྲུ་གུ་སྦུག་གསོའི་ལྟེ་གནས་དང་པོ་དེ་ཉིན་ཤས་གོང་བོད་ལྗོངས་ཕུའུ་ཁང་བུ་བཙའ་བྱིས་པའི་སྨན་ཁང་དུ་ཚོད་ལྟའི་གཉེར་སྐྱོང་བྱས་པ་རེད། ཟླ་དེར་འཆར་གཞི་བྱས་ན་ཕྲུ་གུ་སྦུག་གསོ་ཐེངས་དང་པོ་བྱས་ཏེ་བོད་དུ་ཕྲུ་གུ་སྦུག་གསོའི་ལག་རྩལ་མེད་པའི་སྟོང་ཆ་སྐོང་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཕུའུ་ཁང་ཕྲུ་གུ་སྦུག་གསོའི་ལྟེ་གནས་དེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་ཞིབ་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཆོག་མཆན་སྤྲད་པ་ཞིག་ཡིན། དེ་ནི་བོད་ཀྱི་ཐོག་མ་ཡིན་ལ་མིག་སྔར་ཁྱོ་གའི་ཁམས་དཀར་མི་ཐབས་ལ་བརྟེན་ནས་སྦྱོར་པ་དང་། ཁམས་དཀར་མཁོ་འདོན་པའི་ཁམས་དཀར་མི་ཐབས་ལ་བརྟེན་ནས་སྦྱོར་པ། ཐོན་དང་པོའི་སྦུག་གསོའི་ཕྲུ་གུ ཐོན་གཉིས་པའི་སྦུག་གསོའི་ཕྲུ་གུ་བཅས་མིའི་རིགས་སྐྱེ་འཕེལ་ལ་རམ་འདེགས་བྱེད་པའི་ལག་རྩལ་ཁག་བཞི་པོ་དུས་གཅིག་ཏུ་སྒྲུབ་ཐུབ་པའི་སྨན་བཅོས་ཚན་པ་འབའ་ཞིག་དེ་ཡང་ཡིན།

    ལྟེ་གནས་དེའི་འགན་འཁུར་བ་ལི་ཅུན་གྱིས་མངལ་མི་འཁོར་བའི་ནད་དེ་བོད་ཀྱི་སྤྱིའི་མི་ཚོགས་ནང་ཐོན་ཚད་10%ཙམ་ཡིན་པ་དང་། མངལ་མི་འཁོར་བ་དེས་ཁྱིམ་ཚང་མི་ཉུང་བ་ཞིག་ལ་སེམས་ཁྲལ་བཟོ་གི་ཡོད། ཕྲུ་གུ་སྦུག་གསོའི་ལྟེ་གནས་བཙུགས་པ་དང་གཉེར་སྐྱོང་བྱས་པ་དེས་ཁོང་ཚོར་གཏམ་བཟང་སྐྱེལ་ཐུབ་རེ་ཡོད། ལྟེ་གནས་ཀྱིས་ཕྲུ་གུ་སྦུག་གསོ་ཐུབ་པ་ཤེས་རྗེས་བཟའ་ཟླ་བཅུ་ཡིས་སྔོན་མངགས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལི་ཅུན་གྱིས་བོད་ཀྱི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་འོག་གསོ་རླུང་ཉུང་བ་སོགས་ཀྱི་ཕྲུ་གུ་སྦུག་གསོ་བྱེད་པའི་ལག་རྩལ་ལ་དཀའ་ངལ་བཟོས་ཡོད། དེར་བརྟེན་ཕྲུ་གུ་སྦུག་གསོ་བྱེད་པའི་བརྒྱུད་རིམ་ནང་ལྟེ་གནས་ཀྱིས་ཤེལ་སྦུག་དེ་ཚད་ལྡན་གྱི་གནོན་ཤུགས་དང་གསོ་རླུང་གི་ཁོར་ཡུག་ནང་བཞག་ནས་གསོ་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་ཕྲུ་གུ་སྦུག་གསོའི་ལག་རྩལ་ལེགས་གྲུབ་ཐུབ་ཚད་དེ་ནད་ཐོག་ཞིབ་འཇུག་ལ་བརྟེན་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།