དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚལ་གྱི་རྩ་བའི་སྤྱོད་གོ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-16

    ཙོང་གི་རྩ་བར་ཚ་བ་འཇོམས་པ་དང་བཤལ་ནད་བཅོས་པ། རྨས་སྐྱོན་བྱུང་ཚེ་ཁྲག་འགོག་པ། གློ་འཇགས་པ་སོགས་ཀྱི་ནུས་པ་ཡོད། རྒྱ་ཙོང་རྐང་3ནས་4བར་གཙང་མ་བཀྲུས་རྗེས་ཞིབ་མོར་གཙབས་ནས་དེའི་ནང་སྨན་རྩྭ་སྦེ་ལན་ཀན་ཁེ་5ཙམ་འདྲེས་སྦྱོར་བྱས་ཏེ་ཆུའི་ནང་སྐར་མ་7ནས་10བར་གདུས་པའི་ཁུ་བ་ཆམ་ནད་དང་པགས་པར་ཐོར་པ་སྐྱེས་པ་བཅོས་པར་ཕན་ནུས་ཆེ། གློ་ཡང་ཡང་རྒྱག་པ་དང་ལུད་པ་མང་པོ་ཐོན་ཚེ་རྒྱ་ཙོང་རྐང་7དང་ཤིང་ཏོག་ལི་རྐང་གཅིག་གཏུབ་དགོས་པ་དང་། སྦྲང་རྩི་ཁེ་3བཅས་ཆུའི་ནང་གདུས་པའི་ཁུ་བ་དེ་བཏུང་ན་དྲག་སྐྱེད་ཡོང་ཐུབ། ཇིན་ཚལ་གྱི་རྩ་བར་ཚ་བ་འཇོམས་པ་དང་གཅིན་པ་འགག་པ་གཤོང་བ། ཁྲག་ཤེད་གཅོག་པ་སོགས་ཀྱི་ཕན་ནུས་ལྡན་ཡོད། ཇིན་ཚལ་གྱི་ལོ་མ་སྲང་3ནས་5བར་ཆུ་ནང་བླུགས་ཏེ་སྐར་མ་7ནས་10བར་གདུས་པའི་ཁུ་བ་དེ་བཏུང་ན་གཉིད་ཡེར་བ་བཅོས་ཐུབ། གཞན་ཡང་ཇིན་ཚལ་གྱི་རྩ་བ་ཁེ་90དང་ཤིང་ཏོག་སེའུ་ཡི་འབྲུ་གུ་ཁེ་9ཆུའི་ནང་སྐར་མ་5ནས་10བར་གདུས་པའི་ཁུ་བ་དེ་ཉིན་རེ་ཐེངས་གསུམ་བཏུང་ན་སོ་ན་བའི་ཟུག་གཅོག་ཐུབ། ཡང་ཇིན་ཚལ་གྱི་རྩ་བ་དང་ཚ་ལུ་མའི་པགས་པ་ཆུའི་ནང་གདུས་པ་དང་དེའི་ནང་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུང་ན་གློ་ཡུའི་གཉན་ཚད་བཅོས་པར་ཕན་པ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།