དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་གསར་གཏོད་བྱས་པར་གཡུར་ཟའི་འབྲས་བུ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-13

    ཚན་རྩལ་གསར་གཏོད་བྱས་པར་འབྲས་བུ་གཡུར་ཏུ་ཟ་བ་ཐོབ་ནས་ཞིང་པའི་ཕྱུག་འགྱུར་ལམ་བུ་ཡངས་ཤིང་སྙོམས་པར་གྱུར་པ། ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ཚན་རྩལ་གྱིས་སྣེ་ཁྲིད་དང་སྲིད་ཇུས་ཀྱིས་འགན་ལེན་བྱས་ཐོག་ཞིང་འབྲོག་པའི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཤུགས་ཆེན་བྱས་ནས་ལོ་རེར་ཞིང་འབྲོག་ཚན་རྩལ་ཐད་ཀྱི་ཆེད་ལས་ཉེར་སྤྱོད་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་པའི་ལག་རྩལ་ཁྲིད་སྟོན་པ་དང་དེ་བཞིན་ཚན་རྩལ་ཆེད་མངགས་པ་སོགས་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཐུས་ཚང་དུ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་227ལ་ཁྱབ་ནས་ཚན་རྩལ་དངོས་འབྲེལ་ཞིང་ཁ་དང་མུ་ཁར་སྐྱེལ་བ་མ་ཟད། ཚན་རྩལ་དེ་ཉིད་དངོས་འབྲེལ་ཐོན་སྐྱེད་ནུས་ཤུགས་དང་རྒྱུ་དངུལ་དུ་བསྒྱུར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་15%ཡན་གྱི་འཕར་ཚད་ཐོག་ནས་འཕར་གྱི་ཡོད་པས་ཞིང་འབྲོག་པ་ཚོ་ཕྱུག་པོ་ཆགས་ནས་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་འགྱུར།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།