དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དགུན་དུས་ལུས་ཟུངས་གསོ་བའི་ཐབས་ལམ།

  • ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས།   |     སྤེལ་དུས།  2015-09-28

    ཆུ་མང་ཙམ་འཐུང་བ།

    དགུན་དུས་སུ་རྔུལ་ཆུ་དང་གཅིན་པ་ཉུང་དུ་འགྲོ་ན་ཡང་། ཀླད་ཆེན་དང་ལུས་པོའི་དབང་བོ་སོ་སོའི་ཕྲ་ཕུང་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཆུའི་བརླན་གཤེར་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད། དགུན་དུས་སུ་སྤྱིར་བཏང་དུ་ཉིན་རེའི་ཆུ་འཐུང་ཚད་ཧའོ་ཧྲིན2000ནས3000བར་ཡིན།

    རྔུལ་ཆུ་འདོན་དགོས་པ།

    དགུན་དུས་སུ་ལུས་ཟུངས་གསོ་བ་ལ་རྩ་རྒྱུས་རུས་ཚིགས་འོས་འཚམ་གྱིས་འགུལ་སྐྱོད་བྱས་ནས་རྔུལ་ཆུ་ཐོན་པར་བྱ་དགོས། དེ་ལྟར་བྱས་ན་ལུས་སྟོབས་ཇེ་བཟང་དུ་འགྲོ་ཐུབ།

    རྐང་པར་སྲུང་སྐྱོབ་བྱེད་པ།

    དགུན་དུས་སུ་རྐང་པ་ཐང་པོར་བཟོས་ན་ལུས་གཟུགས་ཐང་པོ་ཡོང་གི་རེད། ཉིན་རེར་ཆུ་ཚ་པོས་རྐང་པ་བཀྲུ་བ་རྒྱུན་འཁྱོངས་དང་། དེའི་མཚུངས་སུ་རྐང་ངོས་ཀྱི་གསང་མིག་ལ་བསྐུ་མཉེ་དང་ཟུག་གཟེར་བཏང་ན་ཆེས་བཟང་། ཉིན་རེར་ཆུ་ཚོད་ཕྱེད་ཀ་ཡན་ལ་རྐང་ཐང་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ནས་རྐང་པ་གཉིས་འགུལ་སྐྱོད་བྱེད་དགོས་པ་དང་། ཞོགས་པ་དང་དགོང་མོར་རྐང་མཐིལ་འཕུར་མཉེད་བྱས་ནས་ཁྲག་རྒྱུན་འཁོར་རྒྱུག་ཇེ་ལེགས་སུ་གཏོང་དགོས།

    སེམས་ཁམས་གསོ་བ།

    དགུན་དུས་ཀྱི་གྲང་ངར་གྱིས་མི་རྣམས་ཀྱི་སེམས་ཁམས་དུབ་པར་བྱེད། དལ་བུར་རྒྱུག་པ་དང་བྲོ་འཁྲབ་པ། འཁྱགས་ཤུད་གློད་པ། ཕོ་ལོང་རྩེད་པ་སོགས་ལྟ་བུའི་རང་ལུས་ཀྱི་བདེ་ཐང་གནས་ཚུལ་དང་མཐུན་ལ་ཤུགས་དྲག་མ་ཡིན་པའི་ལུས་རྩལ་འགུལ་སྐྱོད་བདམས་པ་ནི་ཆེས་བཟང་ཞིང་། དེ་དག་ནི་སྐྱོ་དུབ་སེལ་བ་དང་སེམས་ཁམས་གསོ་བའི་སྨན་མཆོག་ལྟ་བུ་ཞིག་ཡིན་ནོ།།

    སྔ་མོ་ནས་ཉལ་བ།

    སྔ་མོར་ཉལ་ན་ལུས་ཀྱི་སྟོབས་གསོ་ཐུབ་པར་བརྟེན།དགུན་དུས་ལུས་ཟུངས་གསོ་བ་ལ་གཉིད་ཡུན་ལོངས་པ་ཁག་ཐེག་བྱ་དགོས་ཤིང་། དེ་ལྟར་བྱས་ན་ལུས་པོའི་སྟོབས་བཅུད་གསོག་ཉར་བྱ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།