དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གནོད་འབུའི་གནོད་འཚེ་སེལ། ལོ་ལེགས་འབྲས་བུ་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-23

    གླེང་གཞི།

    ཞིང་ལས་སྐྱེ་དངོས་ཀྱི་གནོད་འབུའི་གནོད་འཚེ་འགོག་བཅོས་ཡག་པོ་བྱ་རྒྱུ་ནི་ཞིང་ལ་ལོ་ལེགས་ཡོང་བར་འགན་ལེན་བྱེད་པའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་པས། དེ་ནི་ཞིང་པའི་ཐོན་སྐྱེད་གོང་འཕེལ་དང་། འབབ་འཕར་ཕྱུག་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་རྐྱེན། འབྲེལ་ཡོད་ཕྱོགས་ཁག་གིས་ཞིང་ལས་ཀྱི་གནོད་འབུའི་གནོད་འཚེ་འགོག་བཅོས་དམ་འཛིན་ཡག་པོ་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་དེ་འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་འགན་ལེན་ལྟེ་བར་བྱེད་པ་དང་། “སྔོན་འགོག་གཙོ་བོ་དང་ཕྱོགས་བསྡུས་འགོག་བཅོས”ཀྱི་རྩི་ཤིང་སྲུང་སྐྱོང་གི་བྱེད་ཕྱོགས་དང“སྤྱི་པའི་རྩི་ཤིང་སྲུང་སྐྱོང་དང་སྔོ་ལྗང་རྩི་ཤིང་སྲུང་སྐྱོང”གི་བསམ་གཞི་དོན་འཁྱོལ་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པ། “སྔོན་འགོག་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་སྨན་ཉུང་ཙམ་སྤྱོད་པ། མ་གནས་ཆུང་དུ་གཏོང་བ། ཐོན་སྐྱེད་འགན་ལེན”བཅས་དམིགས་ཚད་དུ་བྱེད་པ་བཅས་ཀྱི་ཐོག་ནས་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། ལག་རྩལ་ལེགས་སྒྱུར། ཞབས་འདེཌ་ལེཌ་སུ་གཏོང་བ་བཅས་བྱས་པས། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་ཏོག་གི་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་ཀར་བཀྲག་མདངས་འཚེར་ས་མང་པོ་ཞིག་མངོན་ཡོད་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པས་ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་དང་ཟུང་འབྲེལ་བྱས་ནས། ཞིང་ལས་ལོ་ཏོག་གི་གནོད་འབུའི་གནོད་འཚེ་འགོག་བཅོས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཡོད།

    ནས་ནི་མི་སེར་གྱི་དཀའ་སྤྱད་ལས་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ནུས་ལྡན་བྱས་པའི་འབྲས་བུ་ཞིག་དེ་བས་ཡིན།

    འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱས་པ།

    “འདི་ལོ་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ཀྱིས་ཞིང་ལས་ལོ་ཏོག་གི་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་ལ་མཐོང་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་སྔ་ཙམ་ནས་བཀོད་སྒྲིག་བྱས་ཏེ། ལོ་སྟོད་དུ་ལས་བགོས་འགན་གཉེར་གྱི་ཧྲི་ཀྲང་གཞོན་པས་ཚོགས་གཙོ་དང་། གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གིས་ཚོགས་གཙོ་གཞོན་པ། རྫོང་ཁག་གི་ལས་བགོས་འགན་གཉེར་གྱི་རྫོང་དཔོན་གཞོན་པ་དང་། རྫོང་ཁག་གི་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་། ཅུས་འདེབས་འཛུགས་ལས་རིགས་དོ་དམ་ཁོའོ་དང་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་བཅས་ཁོངས་མི་བྱས་པའི་ཞིང་ལས་ལོ་ཏོག་གི་གནོད་འབུར་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལག་རྩལ་འགོ་ཁྲིད་ཚོགས་ཆུང་སོ་སོར་བཙུགས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།

    རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་ཆེད། འདི་ལོའི་ལོ་འགོར་འཚོགས་པའི་གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་ལས་དོན་ཚོགས་འདུའི་ཐོག་གནོད་འབུར་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་གྱི་ལེགས་ཞན་དེ་ལས་བྱེད་པར་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་པས། དེ་ནས་བཟུང་འགན་འཁྲི་སྔར་བས་ཁ་གསལ་དང་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱུང་ཡོད།

    འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་དེ་འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་འགན་ལེན་ལྟེ་བར་དང་། “སྔོན་འགོག་གཙོ་བོ་དང་ཕྱོགས་བསྡུས་འགོག་བཅོས”ཀྱི་རྩི་ཤིང་སྲུང་སྐྱོང་གི་བྱེད་ཕྱོགས་དང“སྤྱི་པའི་རྩི་ཤིང་སྲུང་སྐྱོང་དང་སྔོ་ལྗང་རྩི་ཤིང་སྲུང་སྐྱོང”གི་བསམ་གཞི་དོན་འཁྱོལ་བྱ་རྒྱུ་དམིགས་ཡུལ། “སྔོན་འགོག་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་སྨན་ཉུང་ཙམ་སྤྱོད་པ། མ་གནས་ཆུང་དུ་གཏོང་བ། ཐོན་སྐྱེད་འགན་ལེན་བྱེད་པ”བཅས་དམིགས་ཚད་དུ་བྱས་པའི་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། ལག་རྩལ་ལེགས་སྒྱུར། ཞབས་ཞུ་ཤུགས་ཆེར་གཏོང་བ་བཅས་བྱས་པས། གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ལས་ལོ་ཏོག་གི་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ལས་དོན་ལ་ཕན་འབྲས་ལེགས་ཙམ་ཐོབ་ཡོད།

    ཚན་རིག་དང་མཐུན་པའི་ལྟ་ཞིབ་ཚད་ལེན་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    གནོད་འབུའི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་ནི་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞི་དང་རྩི་ཤིང་སྲུང་སྐྱོང་ལ་མེད་དུ་མི་རུང་བའི་ལྷུ་ཚིགས་ཤིག་ཡིན། 

    རྫོང(ཆུས)ཁག་ཏུ་སྔོན་དཔག་ཚོགས་ཆུང་འཛུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་གནོད་འབུའི་གནོད་འཚེ་ཕོག་པ་དང་ཕོག་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་འགན་ཆེད་མངགས་འཁུར་བ་དང་། རྫོང(ཆུས)ཁག་གིས་གཟའ་འཁོར་རེར་དུས་ཚོད་ངེས་གཏན་ནང་ཞིང་ཁར་བརྟག་དཔྱད་བྱ་རྒྱུ་མ་ཟད། བརྟག་དཔྱད་བྱས་པའི་མཇུག་འབྲས་དེ་དུས་ཐོག་ཏུ་གྲོང་ཁྱེར་ཞིང་འབྲོག་ཅུས་འདེབས་འཛུགས་ལས་རིགས་དོ་དམ་ཁོའོ་ལ་སྙན་སེང་ཞུས་ནས་ལྟ་ཞིབ་ཚད་ལེན་གནད་ལ་འཁེལ་བ་དང་། ཕྱིར་ལན་གང་མགྱོགས་སློག་པ། ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བ། དུས་ཐོག་ཏུ་འགོག་བཅོས་བྱེད་པ། ཕན་འབྲས་མངོན་གསལ་དོད་པ། ཚོད་འཛིན་ནུས་ལྡན་ཐུབ་པ་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཞིང་པས་དཔྱིད་ནས་དང་། དགུན་གྲོ གཟན་རྩྭ། མ་རྨོས་ལོ་ཏོག་སོགས་སོན་བཟང་འདེབས་རྩལ་གྱི་ལུགས་སྲོལ་ཁོང་དུ་ཆུད་པ་བྱས་ནས་ཁོ་ཚོའི་འདེབས་འཛུགས་ལག་རྩལ་ཆུ་ཚད་གོང་མཐོར་གཏོང་ཆེད། ཞིང་ལས་ལོ་ཏོག་གི་ཚད་ལྡན་ཅན་གྱི་འདེབས་གསོའི་དོ་དམ་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་རིགས་པའི་གཞུང་ལུགས་དང་ལག་ལེན་སོགས་ཀྱི་རྣམ་པ་སྤྱད་པས། ཞིང་པར་ཞིང་ལས་ལོ་ཏོག་ཐོན་སྐྱེད་དང་གཡོག་བྱེད་གོ་རིམ་ཁྲོད་ཀྱི་ནད་འབུའི་གནོད་འཚེར་ངོས་འཛིན་དང་། འགོག་བཅོས་སོགས་ཀྱི་ཆེད་ལས་རྩལ་ནུས་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྱོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་7གཉེར་ནས་མི(ཐེངས)1700ལ་གསོ་སྦྱོང་བྱས་པ་དང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་3375སྤྲད་པ་རེད།

    ཐབས་མང་མཉམ་དུ་སྤྱད་ནས་དངོས་ཕན་ཐོབ་པའི་འགན་ལེན་བྱས་པ།

    འདི་ལོ་གྲོང་ཁྱེར་དེ་ཡོངས་ཀྱིས“སྔ་ཙམ་ནས་འགོག་བཅོས་དང་། བྱ་སྤྱོད་མགྱོགས་ཙམ་སྤེལ་བ། བྱེད་ཐབས་ནན་པོ་སྤྱོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། འགོག་བཅོས་དང་ཚོད་འཛིན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། གནོད་འབུའི་གནོད་ཚབས་ཆེ་ཆུང་ལ་གཞིགས་ནས་འགོག་བཅོས་སྔོན་ཇུས་དུས་ཐོག་ཏུ་བཟོས་ནས་རིམ་ཁག་ཞིང་ལས་སྡེ་ཚན་གྱི་ལས་བྱེད་མི་སྣས་སྔོན་ཇུས་ལ་རྒྱུས་མངའ་ལོན་པ་བྱས་པས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱུང་ཡོད།

    སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་ཤིང་། རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ས་གནས་ནོར་སྲིད་ནས་མ་དངུལ་བརྩོན་ལེན་བྱས་ཏེ། མི་སྣ་དང་། སྨན། སྨན་ཆས་བཅས་གྲབས་གསོག་ལས་དོན་སྔོན་ཚུད་ནས་ཡག་པོ་བསྒྲུབས་པ་རེད།

    གནོད་འབུའི་གནོད་འཚེར་ཆེད་ལས་ཅན་གྱི་འགོག་བཅོས་བྱ་རྒྱུར་་སྐུལ་འདེད་ཧུར་ཐག་བཏང་ཞིང་། རྫོང(ཆུས)ཁག་དང་ཤང་དང་། གྲོང་རྡལ། གྲོང་ཚོ། ཚོགས་ཆུང་བཅས་ཚན་པར་བྱས་ནས་བེད་སྤྱོད་ཐུབ་པ་དང་། འཐེན་ཐུབ་པ། བཅོས་ཐུབ་པ། འགོག་བཅོས་ཀྱི་ཕན་འབྲས་ཡག་པ་བཅས་ཀྱི་མི་20ཡན་གྱི་རྩི་ཤིང་སྲུང་སྐྱོང་འགོག་བཅོས་དཔུང་ཁག་རེ་བཙུགས་ནས་ཚབ་འགོག་ཚབ་བཅོས་དང་། མཉམ་འགོག་མཉམ་བཅོས། གཅིག་འགོག་གཅིག་བཅོས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཆེད་ལས་ཅན་གྱི་འགོག་བཅོས་ཆུ་ཚད་མཐོ་རུ་ཕྱིན་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཁྱོན་གྲོན་དངུལ་སྒོར་ཁྲི196.8བཏང་བ་དེའི་ནང་རྫོང(ཆུས)སྲིད་གཞུང་གི་གཏོང་སྒོ་སྒོར་ཁྲི171.6དང་ཞིང་སྨན་ཏུན་115.68སྤྲད་དེ་ཡུག་སྦྲེལ་འགོག་བཅོས་བྱེད་ཁྱོན་མུའུ་3117ཟིན་ཡོད།

    2015ལོར་གྲོང་ཁྱེར་ཡོངས་སུ་ཞིང་ལས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་62.79དང་འགོག་བཅོས་རྒྱ་ཁྱོན་མུའུ་3111ཟིན་པ་དང་། གཅིག་གྱུར་སྔོན་འགོག་དང་གཅིག་གྱུར་འགོག་བཅོས་རྒྱ་ཁྱོན་ན་ནིང་ལས་མུའུ་2215ཆེ་རུ་ཕྱིན་ཡོད།

    རིམ་ཁག་ཞིང་འབྲོག་སྡེ་ཁག་གི་འབད་བརྩོན་དང་གནོད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་བྱ་ཐབས་ཁག་དོན་འཁྱོལ་ཅུང་ཡག་པོ་བྱས་པ་བརྒྱུད་གྲོང་ཁྱེར་དེར་གནོད་འབུའི་གནོད་འཚེ་ཕོག་རྒྱ་ན་ནིང་ལས་མུའུ་12738.58ཆུང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།