གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་བོད་ཀྱི་ཚན་རྩལ་སྐྱོང་གསོ་ཁང་དུ་ཁེ་ལས་བཅའ་སྡོད་བྱེད་པར་ལྕག་སྐུལ་བྱེད་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱེད་པ་དང་། ཁེ་ལས་ཀྱིས་ཚན་རྩལ་རྣམ་གྲངས་གལ་ཆེན་ནང་ཞུགས་པར་ལྕག་སྐུལ་དང་སྣེ་ཁྲིད་བྱེད་པ། ལྗོངས་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡིས་ཁེ་ལས་ལ་ཚན་རྩལ་མཚམས་སྦྱོར་ཞབས་འདེགས་ཞུ་རྒྱུའི་སྒྲིག་འཛུགས་བཅས་བྱས་ནས་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
མིག་སྔའི་བར། རང་ལྗོངས་སུ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་44ཡོད་པ་དེ་དག་གིས་ཁྱད་ལྡན་ཐོན་རྫས་གསར་སྤེལ་དང་། སྐྱེ་དངོས་སྨན་རྫས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ནང་རང་བདག་གི་ཤེས་བྱའི་ཐོན་དབང་ལྡན་པའི་ཐོན་རྫས་གསར་པ་དང་བཟོ་རྩལ་གསར་པ་ཁག་གཅིག་ཞིབ་འཇུག་དང་གསར་སྤེལ་བྱས་ཡོད་པ་རེད།