དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི“གཟན་རྩྭའི་ཐོན་ལས་ཀྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན”ལ་འགག་རྩའི་རང་བཞིན་གྱི་ཚད་བརྒལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-31

    གནམ་གཤིས་གྲང་བ་དང་ས་རྒྱུ་ཞན་པའི་འཛམ་གླིང་གི་ཡང་རྩེར་རྩྭ་སོན་འདྲེན་འཛུགས་དང་འདེབས་གསོ་བྱས་པ་བརྒྱུད་སྤུས་ལེགས་ཀྱི་ཕྱུགས་རྩྭ་སྐྱེས་ཡོད། དེ་ནི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་རྩ་འཛུགས་དང་ཀྲུང་གོ་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་སོགས་ཚན་པས་མཉམ་དུ་སྐུལ་འདེད་བཏང་བའི་བོད་ཀྱི“གཟན་རྩྭའི་ཐོན་ལས་ཀྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན”ལ་འགག་རྩའི་རང་བཞིན་གྱི་ཚད་བརྒལ་བྱུང་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གཟན་རྩྭའི་ཐོན་ལས་ཀྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན”ལག་བསྟར་བྱས་པའི་ལོ་ལྔའི་ནང་ཁྱོན་མ་དངུལ་སྒོར་ཁྲི་2677བཏང་བ་དང་རྫོང་12སུ་ལག་བསྟར་བྱས་ཡོད་ཅིང་། རྣམ་གྲངས་དེའི་རིགས་གཅིག་མཁས་ཅན་གཙོ་བོ་ཡིན་པའི་ཡུས་ཁྲེང་ཆུན་གྱིས་2014ལོ་ནས་བཟུང་རང་ལྗོངས་ཀྱིས་ནང་ས་དང་དེ་བཞིན་ཕྱི་རྒྱལ་ནས་གྲོ་ནག་རིགས་5དང་གྲོ་ནག་ཆུང་གྲས་རིགས་21ནང་འདྲེན་བྱས་པའི་ནང་ལྷ་ས་དང་། ནག་ཆུ། ལྷོ་ཁ་བཅས་ས་ཁུལ་གྱི་ས་ཚིགས་4རུ་གྲོ་རྩྭ་ལྗང་གུའི་སོན་བཟང་འདྲེན་འཛུགས་བྱས་པ་རེད། འདི་ལོ་དབྱར་ཁ་ཤར་ཚུན་ཞིབ་འཇུག་ས་ཚིགས་4ཡི་གྲོ་རྩྭ་ལྗང་གུ་སྐྱེ་ཚུལ་ལེགས་པས་སྔོན་དཔག་བྱས་ན་མུའུ་རེ་ནས་རྩྭ་སོས་པ་སྤྱི་རྒྱ་3000དང་རྩྭ་སྐམ་པོ་སྤྱི་རྒྱ་500ཐོན་ཐུབ་རེ་ཡོད་པ་དང་སྣ་ཁ་ཁྱབ་གདལ་གཏོང་བ་བརྒྱུད་སོན་རང་ཁ་རང་གསོ་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།