ཉེ་ཆར། ལྷོ་བྲག་རྫོང་སྨུ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་ཚོགས་ཆུང་དྲུག་པའི་དཀའ་ངལ་ཡོད་པའི་དབྱངས་ཅན་ཁྱིམ་དུ་འཚམས་འདྲིར་བསྐྱོད། ལོ་73ལ་སླེབས་པའི་དབྱངས་ཅན་ལ་སྐྱ་གྲིབ་ཕོག་ནས་མིག་གཡས་པ་ལོང་བ་དང་མིག་གཡོན་མས་ཀྱང་ཧ་ལམ་མཐོང་གི་མེད་པས་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཕོག་སྟེ་རྒྱུན་དུ་རྦད་དེ་བཟའ་ཟླས་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་སྨན་ཁང་དུ་གཤག་བཅོས་བྱེད་པར་བསྐྱོད་འདོད་བྱེད་ཀྱི་མེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གནས་ཚུལ་ཤེས་རྟོགས་བྱས་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་བགྲེས་སོང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་གཤག་བཅོས་བྱེད་དགོས་པའི་བསླབ་བྱ་བྱས། ལས་དོན་རུ་ཁག་གིས་ངང་རྒྱུད་རིང་པོའི་ཐོག་ནས་བགྲེས་སོང་ཁོང་ལ་ཞིང་འབྲོག་པའི་མཉམ་ལས་སྨན་བཅོས་འགན་བཅོལ་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་གཤག་བཅོས་ཀྱི་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་བརྒྱུད་འགྲོ་སོང་རྩིས་ཞུ་བྱེད་ཆོག་པའི་གསལ་བཤད་བྱས། ཁ་ཏ་བསླབ་བྱ་བྱས་པ་བརྒྱུད་བགྲེས་སོང་གིས་ལྷ་སར་གཤག་བཅོས་བྱ་རྒྱའི་མོས་མཐུན་བྱས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བགྲེས་སོང་ལ་འཚམས་འདྲིའི་དངུལ་སྒོར་1000སྤྲད་ནས་ཁོང་བློ་བདེའི་ངང་ལྷ་སར་གཤག་བཅོས་བྱེད་པར་བཏང་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། བགྲེས་སོང་ཁོང་གཤག་བཅོས་ལེགས་གྲུབ་བྱུང་ནས་གྲོང་ཚོར་ལོག་སྟེ་གཟུགས་པོའི་བདེ་ཐང་སླར་གསོ་ཡག་པོ་བྱུང་ཡོད་པ་རེད།