དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-28
    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་7ཚེས་27ཉིན་ནས་ཟླ་8ཚེས་2ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ཤར་ལྷོའི་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་ སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་གཞན་དག་ལ་ཆར་པ་འབྲིང་ བ་འབབ་རྒྱུ།  ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།   གཟའ་མཇུག་ཉིན་གཉིས་ནང་མངའ་རིས་དང་། གཞིས་རྩེ། ལྷ་ས། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ།

    གཉིས། གྲོས་འགོ

    1.ཡོམ་ཁུལ་འགྲམ་གྲོང་རྡལ་དུ་གཟའ་སྟོད་དུ་ཆར་ཆུ་རྒྱུན་མཐུད་འབབ་རྒྱུ་དང་གཟའ་ སྨད་དུ་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་ཆུ་འབབ་ཚད་མངོན་གསལ་དོད་ཙམ་ཡོད་པས་ཆར་ ཆུ་བབས་པའི་རྐྱེན་གྱིས་ས་ཆ་ཆ་ཤས་སུ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཞོར་ ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་འབྲེལ་ཡོད་ལམ་དུམ་བར་འགྲོ་ འོང་བྱེད་མཁན་འཁོར་རིགས་ཀྱིས་གཟབ་ནན་ངང་རླངས་འཁོར་བཏང་སྟེ་འགྲིམ་འགྲུལ་བདེ་ འཇགས་ཀྱི་འགན་ལེན་བྱེད་དགོས།

    2.གཟའ་སྟོད་དུ་གཞིས་རྩེའི་ནུབ་རྒྱུད་ཞིང་ཁུལ་དུ་སྔར་བཞིན་ཆར་ཆུ་འབབ་ཉུང་བས་ འོས་འཚམ་ངང་ཞིང་ཆུ་འདྲེན་པ་དང་ཞིང་ནང་གཡོག་བྱེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།