དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཟས་དང་སྤྱོད་ལམ་གྱི་ལིའུ་སྤེལ་མ། (2)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག་གིས་རྩོམ་བསྒྱུར་བྱས།   |     སྤེལ་དུས།  2015-07-27

    ཏིལ་འབྲུའི་ནང་ལ་གཏེར་དངོས་རྒྱུ་ཆ་འཛོམས། འཚོ་བཅུད་རིགས་དང་སྣུམ་ཚིལ་འདུས་ཡོད་པས། ཕྲ་ཕུང་བསྐྱར་གསོ་བྱ་བར་སྐུལ་དང་ལྷན།  འཕར་རྩ་མཉེན་གྱུར་སྙིང་ནད་འགོག་པར་བཞེད།

    ཤིང་འབྲས་ཀུ་ཤུར་སྐྱུར་རྩི་སྣེ་མང་འཛོམས། ཟ་སྐབས་དལ་ན་ཕོ་བའི་བེ་སྣབས་དང་། ཀུ་ཤུའི་སྐྱུར་རྩི་འདྲེས་ནས་མེ་དྲོད་ཉམས། དེས་ན་ཀུ་ཤུ་མགྱོགས་པར་ཟ་དགོས་སོ།

    ཞོགས་ཟས་མ་འཕྲོད་པ་ནི་འགའ་ཞིག་ལ། འོ་མ་སྒོ་ང་བསྲེས་པས་སྙིང་བཅུད་ཤོར། འོ་མ་ཤིང་ཏོག་བསྲེས་པས་སྦོས་སྐྲངས་བྱེད། གར་ཇ་ཤ་རིགས་བསྲེས་པས་བཤང་བ་སྐམ།

    ཞོགས་པ་སྔ་པོར་སྦྲང་རྩི་ཅུང་ཟད་ཙམ། ཆུ་དྲོད་འཇམ་པོར་བསྲེས་ནས་བཞེས་ཙ་ན། ལུས་ཀྱི་སྟོབས་སྐྱེད་མཆེར་པ་ཕོ་བའི་དྲོད། ཞན་པ་རྣམས་ཀྱིས་ཟོས་རྗེས་འཐུང་བར་མཛོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།