
ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་སྦྲགས། བོད་ཀྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པས། གྲུབ་འབྲས་མང་པོ་ཐོབ་སྟེ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་སོགས་འཐུས་སྒོ་ཚང་ཙམ་གྱི་དེང་རབས་སློབ་གསོའི་མ་ལག་ཅིག་ཆགས་ཡོད། འདི་ནི་ལྷོ་ཁ་ས་ཁུལ་སློབ་ཆུང་གསུམ་པའི་སློབ་མས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།