དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-22

    2014ལོར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཁྲལ་འཇལ་ཞབས་ཞུའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་སུ“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་ནས“ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཁྲལ་འཇལ་བར་སྟབས་བདེ་སྐྲུན་པ་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཁྲལ་དོན་བ་ཚད་ལྡན་བཟོ་རྒྱུ”དམིགས་ཡུལ་དུ་བྱས་ཏེ་ཁག་དབྱེ་སྟེ་རིམ་སྣོན་རྣམ་པའི་ཐོག་ནས་དྲིལ་བསྒྲགས་བློ་འདྲི་དང་། ཐོ་འགོད་གཉེར་སྐྱོང་། འཛིན་ཤོག་ལེན་སྤྱོད། སྣ་མང་ཁྲལ་གཉེར། ཁྲལ་འབྲེལ་ཞིབ་བཤེར་ཆོག་མཆན། ཞུ་གཏུག་བདག་གཉེར། ཐག་གཅོད་དུས་ཚོད་བཅས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས་རེའུ་མིག་སྐོང་འབྲི་བྱེད་པའི་ཁུར་པོ་དང་། དཔྱད་གཞི་འབུལ་བའི་ཁུར་པོ། ཁྲལ་འབྲེལ་ཞིབ་བཤེར་གྱི་ཁུར་པོ་བཅས་ཡང་དུ་ཧུར་ཐག་བཏང་ནས་ཐོག་མར་འདྲི་རྩད་བྱེད་པའི་འགན་འཁྲིའི་ལམ་ལུགས་དང“རེའུ་མིག་འབྲི་མི་དགོས་པའི”ཞབས་ཞུ་ཁྱབ་གདལ་སོགས“མྱུར་ཚད་མགྱོགས་སུ་གཏོང་བ་དྲུག་དང་། ཁུར་པོ་ཡང་དུ་གཏོང་བ་གསུམ། ཁྱབ་གདལ་གཉིས”ཀྱི་དམངས་ལ་སྟབས་བདེ་སྐྲུན་པའི་ཁྲལ་དོན་ཞབས་ཞུའི་བྱ་ཐབས་སྤེལ་ཡོད་པ་རེད།

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏིང་ཟབ་གཏོང་ཆེད། 2015ལོར་རང་ལྗོངས་ཀྱིས་མུ་མཐུད“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་སྤེལ་ནས་སྟབས་བདེ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་མ་ཧུར་ཐག་བཏང་སྟེ་ཁྲལ་གཉེར་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་བ་དང་ཁྲལ་གཉེར་ཁུར་པོ་ཡང་དུ་ནུས་ལྡན་གཏོང་བ་སོགས་ཀྱི་ལས་ཀའི་དམིགས་ཚད་བཏོན་ཐོག ཁག་ཕྱེ་ནས་རིགས་4ཡི་རྣམ་གྲངས་ཁག་10ཡི་དམངས་ཕན་ཁྲལ་གཉེར་བྱ་ཐབས་བཟོས་ནས“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”དེ་ཁྲལ་འཇལ་བར་དོན་དངོས་སྒྲུབ་པ་དང་གཞི་རིམ་གྱི་ཁྲལ་དོན་བའི་ཁུར་པོ་ཡང་དུ་གཏོང་བའི“དུས་བཞིའི་བསིལ་རླུང”དུ་གྱུར་པ་དང་། ཁྲལ་དོན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་ཞབས་ཞུའི་སྤུས་རྟགས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།