དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་2015ལོའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མཐོ་སློབ་ཚན་རྩལ་བྱེད་སྒོ་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-18

    ཚེས་15ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱི་2015ལོའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མཐོ་སློབ་ཚན་རྩལ་བྱེད་སྒོ་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་འགོ་ཚུགས་མཛད་སྒོ་དེ་ལྷ་སར་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རྡོ་ཐོགས་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རྡོ་ཐོགས་ཀྱིས་བྱེད་སྒོའི་ནང་ཞུགས་མཁན་སློབ་མ་ཚོས་ད་ཐེངས་ཀྱི་གོ་སྐབས་ལ་གཅེས་འཛིན་བྱས་ཏེ་བདེན་དོན་ལ་དོན་གཉེར་བྱེད་པའི་ཚན་རིག་གི་སྙིང་སྟོབས་རང་འགུལ་ངང་སྐྱེད་སྲིང་བྱེད་པ་དང་རང་ངོས་ཀྱི་ཚན་རིག་བྱང་ཚད་དང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་གདོང་ལེན་མིག་དཔེ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ་དང་། རིགས་ཁག་གི་ཚན་རྩལ་བྱེད་སྒོར་ཧུར་ཐག་ཞུགས་ནས་སློབ་སྦྱོང་ཧུར་ཐག་དང་། ཕན་ཚུན་སྤེལ་རེས། འཚལ་ཞིབ་བྱེད་ཕོད་པ། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱས་ནས་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གིབསམ་པའི་ཉམས་འགྱུར་གང་ལེགས་མཚོན་པ་བྱེད་དགོས་པ། ཚོགས་པའི་སྙིང་སྟོབས་དང་། སྒྲིག་ཁྲིམས་ལ་བརྩི་བཀུར། བཀོད་འདོམས་ལ་ཉན་པ། མཐུན་སྒྲིལ་མཛའ་བརྩེ། ཕན་ཚུན་རོགས་རམ་བཅས་དར་སྤེལ་གཏོང་དགོས་པ། སྒྲིག་འཛུགས་ནན་ཏན་དང་། བཀོད་སྒྲིག་ཞིབ་ཚགས། དོ་དམལ་ཤུགས་སྣོན། ཞབས་ཞུར་ཤུགས་སྣོན། འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བཅས་བྱས་ནས་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མཐོ་སློབ་ཚན་རྩལ་བྱེད་སྒོ་དང་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་བྱེད་སྒོ་ཁང་ནང་བདེ་འཇགས་དང་། བདེ་བླག ཕུན་སུམ་ཚོགས་པོ་བཅས་ཀྱི་སྒོ་ནས་ཞུགས་རྒྱུ་འགན་ལེན་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།