དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དངུལ་སྐྱེལ་མི་དགོས་པར་སྔོན་ལ་ནད་ལྟ་ཆོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    “བསམ་ཡུལ་ལས་འདས་སོང་། དངུལ་སྐྱེལ་མི་དགོས་པར་སྔོན་ལ་ནད་ལྟ་ཆོག་གི་འདུག”ཅེས་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་གི་གྲོང་མི་ལྷ་མོ་ཚེ་རིང་གིས་བསྔགས་བརྗོད་བྱས་ནས་བཤད། འདི་ལོའི་ལོ་འགོར་བརྟག་དཔྱད་བྱས་པ་བརྒྱུད་ལྷ་མོ་ཚེ་རིང་ལ་མཁྲིས་འཁུམ་གྱི་ནད་ཕོག་པ་གཏན་འཁེལ་བྱུང་ནས་སྨན་ཁང་དུ་སྡོད་དགོས་བྱུང་བ་རེད། ཉིན་དང་པོའི་སྒྲ་རླབས་Bདང་ཁྲག་བརྟག་དཔྱད་བྱས་པའི་སྨན་རིན་སྒོར་110ཕུད་ཟླ་བ་གཅིག་ལྷག་ཙམ་རིང་གི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་སྨན་རིན་ཚང་མ་སྨན་ཁང་གིས་སྔ་འདིང་བཏང་ཡོད།

    བོད་ལྗོངས་ལྷ་ས་དང་ལྷོ་ཁ་སོགས་སུ་ལག་བསྟར་བྱེད་བཞིན་པའི“སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུའི”ཚོད་ལྟའི་ལས་དོན་དེས་ནད་ལྟ་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་བ་དང་ནད་ལྟ་བའི་གོ་རིམ་ལེགས་སུ་བཏང་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི“ནད་ལྟ་དཀའ་བའི”གནད་དོན་ཞི་ལྷོད་དུ་བཏང་ཡོད། 

    ལྷ་སར་ཆ་རྐྱེན་འཛོམས་པའི་གྲོང་མིས་ལྷ་མོ་ཚེ་རིང་ལྟར“སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུ”བྱེད་ཆོག་གི་ཡོད། 2013ལོའི་ལོ་འགོ་ནས་བཟུང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་སོགས་སྨན་ཁང་དུ“སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུའི”ཞབས་ཞུ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་པའི་ཞིང་འབྲོག་པ་དང་། གཟིགས་སྐྱོང་དང་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་ཞིང་འབྲོག་པ། ནད་གཞི་ལྕི་བའི་རྐྱེན་གྱིས་འཕྲལ་དུ་སྨན་བཅོས་མྱུར་སྐྱོབ་བྱེད་དགོས་པའི་མང་ཚོགས་བཅས་ཡིན་ཚེ“སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུའི”ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད། 

    བྱེད་ཐབས་གསར་པ་སྤྱད་རྗེས་ནད་པས་ཚན་ཁག་ཁག་དང་གྲོན་བསྡུ་སྐར་ཁུང་དབར་བློ་འདྲི་འགྲོ་འོང་བྱེད་པའི་དུས་ཚོད་གྲོན་ཆུང་ཐུབ་ལ་སྨན་རིན་སྐྱེལ་བའི་སྒུག་སྡོད་དུས་ཚོད་དང་ནད་ལྟ་བའི་གོ་རིམ་ཡང་ཉུང་དུ་གཏོང་ཐུབ། “ང་ཚེས་26ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱོད་པ་ཡིན། སྐར་མ་20ལས་མ་སོང་བར་ནད་ཁང་རག་བྱུང”ཞེས་བཅར་འདྲི་བྱེད་སྐབས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་གྲོང་མི་པད་སྒྲོལ་གྱིས་གསར་འགོད་པར་བཤད་བྱུང་།

    “ནང་མིར་ནད་གཞི་དྲག་པོ་ཕོག་ནས་དངུལ་སྨར་འདང་ངེས་ཤིག་འཁྱེར་ཁོམ་མ་བྱུང་བའི་གནས་ཚུལ་དེ་འདྲ་སྨན་ཁང་དུ་ཡང་ཡང་ཐོན་གྱི་ཡོད། ‘སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུའིི’མི་གཤིས་ཅན་གྱི་ཞབས་ཞུ་དེས་ང་ཚོ་ནད་པའི་སེམས་ནད་བསངས་སོང”ཞེས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཁྲི་ཁང་གྲོང་ཚོའི་གྲོང་མི་དབང་འདུས་རྒྱལ་མཚན་གྱིས་བཤད་བྱུང་།

    མིག་སྔར་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་དུ་ཐེམ་ཁུངས་ལྷོ་ཁ་ས་ཁུལ་ནས་ཡིན་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་པའི་སྨན་ཁང་དུ་ལུས་པའི་ནད་པ་ཡིན་ཚེ་འབྲེལ་ཡོད་ཀྱི་ལག་ཁྱེར་མཁོ་འདོན་བྱས་ན“སྔོན་ལ་སྨན་བཅོས། རྗེས་སུ་རྩིས་ཞུའིི”ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།