ཉེ་ཆར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་ཅན་600ལྷག་ཙམ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་བསྡད་དེ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྱུང་མཆུ་རྫོང་དུ་འབྱོར་བ་དང་། ཐུན་མོང་ཐོག“སེམས་མཐུན་·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོར་ཞུགས་ཏེ་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་འོན་འགན་སྨན་བཅོས་བྱ་རྒྱུ་རེད། “ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ནི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་ཀྱི་དབུལ་ཕོངས་མི་ཁྱུར་བྱམས་སྐྱོང་དང་རོགས་སྐྱོར་ལྟེ་བར་བྱེད་པའི་གཞི་ཁྱོན་ཆེ་བའི་གནས་གཏན་འཁེལ་དང་། འགྲོ་ཕྱོགས་གཏན་འཁེལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་པ་དང་2010ལོ་ནས་བཟུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི“སེམས་མཐུན་ལས་གྲྭའི”ནང་བཅུག་ནས“སེམས་མཐུན་·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཀྱི་ལས་གྲྭ་ཞེས་བརྗོད་ཀྱི་ཡོད། 2015ལོའི་ལོ་འགོའི་བར་བྱེད་སྒོ་དེ་སི་ཁྲོན་དང་། ཉིང་ཞ། ནང་སོག ཀན་སུའུ། མཚོ་སྔོན། བོད་ལྗོངས་སོགས་ས་ཆར་ཁྱབ་ཡོད་པ་དང་དང་བླངས་པ་ཁྱོན་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གཅེས་སེམས་མཚོན་པར་བྱས་པས་མང་ཚོགས་ཁྲི་30ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད།
འདི་ནི་སྨན་བཅོས་རིགས་གཅིག་མཁས་ཅན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་བསྡད་དེ་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཁྱུང་མཆུ་རྫོང་དུ་འབྱོར་བའི་གནས་ཚུལ་ཡིན་པ།