དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མིག་སྔར་རང་རྒྱལ་གྱི་ཞིང་ཞོར་ཐོན་རྫས་ཟོག་འགྲེམས་ཀྱི་རྣམ་པ་ཅི་འདྲ་ཞིག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    རང་རྒྱལ་གྱི་ད་ཡོད་ཁྱིམ་ཚང་ཐོན་སྐྱེད་མཉན་འབྲེལ་གྱི་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་པའི་གཉེར་སྐྱོང་རྣམ་པའི་འོག་ཞིང་དུད་རང་བརྟེན་ཐོན་སྐྱེད་ཀྱི་ཐོན་སྐྱེད་རྣམ་པ་བརྒྱུད་ཐོན་སྐྱེད་བྱས་པའི་ཞིང་ཞོར་ཐོན་རྫས་གཙོ་བོ་དམའ་རིམ་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད་སྟབས་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་དཔེ་མཚོན་ཡིན་པའི་གཅིག་སྡུད་ཟོག་འགྲེམས་ནས་ཐོན་ཡུལ་ཁྲོམ་ར་བརྒྱུད་པ་དང་། ཐོན་ཡུལ་ཁྲོམ་རས་ཐབས་ལམ་གཙོ་བོའི་ཟོག་འགྲེམས་ནས་ཚོང་ཡུལ་ཁྲོམ་ར་བརྒྱུད་པ། ཚོང་ཡུལ་ཁྲོམ་ར་ནས་ཁག་བགོས་ཟོག་འགྲེམས་བརྒྱུད་དེ་འཛད་སྤྱོད་པའི་ལག་ཏུ་འབྱོར་བའི་དུམ་གསུམ་རྣམ་པའི་ཟོག་འགྲེམས་རྣམ་པ་ཆགས་ཡོད། རགས་ལས་ཅན་གྱི་ཟོག་འགྲེམས་རྣམ་པར་ཟོག་འགྲེམས་ལས་ཕྱོད་དམའ་བ་དང་། ཟོག་འགྲེམས་མ་གནས་མཐོ་བ། ཉོ་ཚོང་མ་གནས་ཅུང་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།