དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཅི་འདྲ་ཞིག་ལ་ཟོག་འགྲེམས་ཟེར་རམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    ཟོག་འགྲེམས་ཞེས་པ་ནི་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་དང་སྒྲིག་ཆས་སྤྱད་དེ་དངོས་ཟོག་མཁོ་སྤྲོད་བྱ་ཡུལ་ནས་བསྡུ་ལེན་བྱ་ཡུལ་དུ་གནས་འཁེལ་དང་། དུས་ཐོག བདེ་འཇགས། སྤུས་འབོར་གཉིས་ལྡན། གཅིག་ནས་གཅིག་བར་བཅས་ཀྱི་སྒོ་ནས་སྐྱེལ་བའི་ལུགས་མཐུན་ཅན་གྱི་ཞབས་ཞུའི་རྣམ་པ་དང་སྔོན་ཐོན་གྱི་ཞབས་ཞུའི་གོ་རིམ་ལ་ཟེར། རང་རྒྱལ་གྱི་དེང་རབས་ཅན་གྱི་ཟོག་འགྲེམས་ལས་རིགས་དེ་ཉེ་ཆར་གཞི་ནས་འཕེལ་རྒྱས་བྱུང་བའི་ལས་རིགས་གསར་པའི་གྲས་ཤིག་ཡིན་ཞིང་། ཁེ་ལས་ཀྱིས་ཐོན་རྫས་ཕྱིར་ཚོང་དང་ཡོང་འབབ་ཐོབ་འདོད་བྱེད་པར་ཐོན་རྫས་འཁོར་རྒྱུག་མ་བྱས་ན་འགྲིག་ཐབས་མེད། ཟོག་འགྲེམས་ཀྱིས་ཁེ་ལས་ཀྱི་ཐུམ་སྒྲིལ་དང་། མཛོད་ཉར། སྐྱེལ་འདྲེན། སྡེབ་སྐྱེལ་སོགས་ཐད་ཀྱི་འགྲོ་གྲོན་གྲོན་ཆུང་བྱེད་གང་ཐུབ་བྱས་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་སྟེ་དེའི་ཁྲོད་ནས་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད། འཛད་སྤྱོད་པས་འཚོ་བའི་ཆེད་དུ་འཚོ་བའི་མཁོ་ཆས་ཉོ་དགོས་པས་དངོས་ཟོག་འཛད་སྤྱོད་ལག་ཏུ་འབྱོར་བའི་བརྒྱུད་རིམ་དེ་འཁོར་རྒྱུག་ནང་མེད་དུ་མི་རུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།