ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་གྲོང་ཁྱེར་དང་རྫོང་རིམ་པའི་སློབ་གསོའི་མ་དངུལ་བསྡུ་རུབ་བྱས་ནས་སློབ་ཁང་གི་སྤུས་ཚད་དང་ཚད་གཞི་ལོན་མེད་པའི་སློབ་གྲྭ་འབྲིང་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ཡོམ་འགོག་རིམ་པ་མཐོ་བ་དང་བེད་སྤྱོད་ནུས་པ་ཆེ་བའི་སློབ་གྲྭའི་ཉལ་ཁང་ཁག་གཅིག་བསྐྲུན་པ་དང་འབྲེལ་ཨར་སྐྲུན་རྒྱ་ཁྱོན་དང་། ལུས་རྩལ་ཐང་། ལུས་སྦྱོང་སྒྲིག་བཀོད། སློབ་ཁྲིད་ཡོ་ཆས་སོགས་ཀྱི་ཐད《བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་གཉེར་ཆ་རྐྱེན་གྱི་ཚད་གཞི》ལྟར་འཛུགས་སྐྲུན་བྱས་ནས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་སློབ་གཉེར་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་གྱིས་གསར་དུ་ནང་འདྲེན་བྱས་པའི་སློབ་ཁྲིད་སྒྲིག་ཆས་སྤྱད་དེ་སློབ་ཚན་ཁྲིད་པའི་གནས་ཚུལ་ཡིན་པ།