དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “འཛུམ་དམུལ་བྱ་སྤྱོད”ཀྱི་རིགས་གཅིག་མཁས་པས་བོད་ལྗོངས་ཀྱི་མཆུ་རྐན་གཉིས་ཤོའི་བྱིས་པར་རིན་མེད་གཤགས་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-07

    ཉིན་ཤས་གོང་ཀྲུང་གོའི“འཛུམ་དམུལ་བྱ་སྤྱོད”ཀྱི་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་པ་38ཀྱིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་དུ་ཡོང་ནས་ནག་ཆུ་དང་ལྷ་སའི་མཆུ་རྐན་གཉིས་ཤོའི་བྱིས་པ་44ལ་རིན་མེད་གཤགས་བཅོས་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་སྨན་བཅོས་བྱེད་སྒོ་དེ་དུས་ཡུན་གཟའ་འཁོར་གཅིག་སྤེལ་རྒྱུ་རེད།

    དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་ནི་ཀྲུང་གོའི“འཛུམ་དམུལ་བྱ་སྤྱོད”སྤེལ་སའི་བོད་རང་སྐྱོང་ལྗོངས་ཀྱི་དམིགས་འཛུགས་སྨན་ཁང་དེ་རེད། “དེ་ནི་སྤྱི་ཁྱབ་རུ་ཁག་གིས་དམངས་གཅེས་མཐའ་བརྟན་འཐབ་ཇུས་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན”དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་ཡོའན་ཀྲང་ལི་ཏེ་ཧྲེང་གིས་ད་རེས་ཀྱི་སྨན་བཅོས་བྱེད་སྒོར་ང་ཚོའི་སྨན་ཁང་གིས་གཤགས་བཅོས་བྱ་ཡུལ་དང་། སྨན་བཅོས་ནད་སྐྱོང་། གཤགས་བཅོས་རྗེས་ཀྱི་རྗེས་སྙེག་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    རྒྱལ་སྤྱིའི“འཛུམ་དམུལ་བྱ་སྤྱོད”རྩ་འཛུགས་ལས་འབྱུང་བའི་ཀྲུང་གོའི“འཛུམ་དམུལ་བྱ་སྤྱོད”ནི་མཆུ་རྐན་གཉིས་ཤོ་དང་ངོ་གདོང་ཡ་མ་གཟུགས་ཡིན་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་རིན་མེད་སྨན་བཅོས་བྱེད་པའི་སྤྱི་ཕན་དགེ་སྒྲུབ་བྱ་སྤྱོད་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།