དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མི་ཚང་མ་དཔེ་དེབ་ཀློག་རྒྱུར་དགའ་པོ་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-26

    “བོད་ལྗོངས་དཔེ་མཛོད་ཁང་གིས་དཔེ་དེབ་ལྟ་ཀློག་ཁྱབ་གདལ་གཏོང་བའི་ལས་དོན་ཐད་འགོ་ཡག་པོ་ཞིག་བཙུགས་ཡོད། འོན་ཀྱང་རྒྱལ་ནང་གི་དཔེ་མཛོད་ཁང་གཞན་དག་དང་བསྡུར་ཚེ་བོད་ལྗོངས་དཔེ་མཛོད་ཁང་གིས་དེའི་ཐད་ཀྱི་ལས་དོན་སྤེལ་རྒྱུར་སྔར་བས་བསམ་གཞིག་དང་རྒྱ་ཆེར་གཏོང་དགོས་པ་དང་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ང་ཚོས་འཕྲལ་མར་སྒྲུབ་དགོས་པའི་གནད་དོན་དང་ཁ་སྐོང་དགོས་པའི་སྟོང་ཆ་མང་པོ་ཤེས་བྱུང”ཞེས་བོད་ལྗོངས་དཔེ་མཛོད་ཁང་གི་འགོ་འཛིན་ནོ་མོས་ལྟ་ཀློག་ཁྱབ་གདལ་གཏོང་བའི་ལས་དོན་གྱི་སྐོར་གླེང་སྐབས་དེ་ལྟར་བཤད།

    ནོ་མོས་བོད་ལྗོངས་དཔེ་མཛོད་ཁང་གི་སྐྲུན་དངོས་དེ་དག་དུས་རབས་གོང་མའི་ལོ་རབས་90པའི་དུས་འགོའི་སྒྲིག་བཀོད་གྲས་སུ་གཏོགས་སྟབས་བཀག་རྒྱའི་རང་བཞིན་ལྡན་པས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་དང་འདྲ་བར་མང་ཚོགས་ལ་རྦད་དེ་སྒོ་ཕྱེ་བའི་དཔེ་དེབ་ཀློག་ས་ཡག་པོ་ཞིག་མཁོ་འདོན་བྱས་ནས་མིའི་རིགས་ཀྱི“རིག་གནས་ཀྱི་བར་ཁམས་གསུམ་པའི”ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་གཏོང་བའི་ཚད་གཞི་དང་བསྡུར་ན་ད་དུང་འགྲན་སློང་རང་བཞིན་དང་ཧེ་བག་ཆེན་པོ་ཡོད་པ་དང་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་ཀྱང་གོམ་པ་སྤོ་འགོ་ཚུགས་པའི་མཚམས་སུ་གནས་ཡོད་པ་དང་། རྒྱུ་རྐྱེན་མང་པོའི་དབང་གིས་ལྟ་ཀློག་ཁྱབ་གདལ་གཏོང་རྒྱུ་དེ་རྒྱུན་གཏན་ཅན་དུ་འགྱུར་དཀའ་བར་གྱུར་ཡོད་ཅེས་བཤད།

    ནོ་མོས“གོམ་སྟབས་རྗེས་མར་ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང་ཁག་གི་སྤྱི་པའི་དཔེ་མཛོད་ཁང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། དགོན་སྡེའི་དཔེ་ཁང་དང་ཞིང་པའི་དཔེ་ཁང་ཚད་ལྡན་བཟོ་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དཔེ་ཀློག་ཁྱབ་གདལ་གཏོང་བའི་ནང་ཞུགས་རྒྱུ་དར་སྤེལ་གཏོང་བ། ‘བར་ཁམས་གསུམ་པའི’འདུ་ཤེས་ཀྱི་ཐོག་ནས་དཔེ་མཛོད་ཁང་གི་དཔེ་དེབ་ལྟ་ཀློག་སྒྲིག་བཀོད་དང་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཀློག་པ་པོར་ཕྱོགས་པ་དང་། སྐྱིད་སྣང་དོད་པ། རིན་པ་མི་དགོས་པ་བཅས་ཀྱི་དཔེ་དེབ་་ཀློག་ས་མཁོ་འདོན་བྱ་རྒྱུ་དེ་ནི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན་ལ་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་ཀྱང་རེད”ཅེས་བཤད།

    ནོ་མོས་དཔེ་དེབ་ལྟ་ཀློག་ཁྱབ་གདལ་གཏོང་བར་བྱེད་སྒོ་ཅན་དང་། རྒྱུན་རྣམ་ཅན། སྤུས་རྟགས་ཅན། མང་ཚོགས་ཅན་བཅས་དགོས། དཔེ་དེབ་ལྟ་ཀློག་ཁྱབ་གདལ་གཏོང་བའི་བྱེད་སྒོ་དེ་དུས་ཆེན་དང་ལས་འགུལ་ཞིག་ཏུ་མི་བརྩི་བར་དཔེ་མཛོད་ཁང་གི་རྒྱུན་གཏན་གྱི་བྱེད་སྒོ་ཞིག་ཏུ་འགྱུར་བ་བྱེད་དགོས། སླད་ཕྱིན་ངེས་པར་དུ་ཕུགས་ཕན་ལམ་སྲོལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་མི་སྣ་དང་། གྲོན་དངུལ། ཐོན་ཁུངས་སོགས་ཡུན་རིང་གི་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས། ཀློག་པ་པོའི་དགོས་མཁོ་དང་བསྟུན་ནས་བརྟག་ཞིབ་ཡག་པོ་བྱེད་དགོས་པ་དང་ཀློག་པ་པོར་ཁྱབ་གདལ་གྱི་བྱེད་སྒོ་གང་ཞིག་མཁོ་བ་ཤེས་རྟོགས་བྱེད་དགོས། དཔྱད་གཞི་མང་ཙམ་ལྟ་བ་དང་ཞིབ་འཇུག་མང་ཙམ་བྱས་ནས་ཉམས་མྱོང་གསོག་དགོས། དུས་མཚུངས་སུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱབ་གདལ་བྱེད་སྒོ་འཚོལ་ཞིབ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།