དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དབྱར་ཁར་ཡང་རྐང་པ་བཀྲུས་ན་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-26

    གྲང་ངར་ཆེ་བའི་དགུན་དུས་སུ་རྐང་པ་ཆུ་ཚ་པོའི་ནང་སྦང་རྒྱུར་དགའ་པོ་ཡོད་ཤས་ཆེ། འོན་ཀྱང་ཚ་དྲོད་ཆེ་བའི་དབྱར་དུས་སུ་དེ་ལྟར་བྱེད་མཁན་ཇི་ཙམ་ཡོད།

    དོན་དངོས་ཐོག་དབྱར་ཁ་བརླན་བཤེར་ཆེ་བའི་དབང་གིས་གཟུགས་པོར་ཆུ་སེར་གསོག་སླ་བ་དང་། ཆུ་སེར་དེ་དག་ལས་མཚེར་པ་དང་ཕོ་བའི་ནང་དུ་གྲང་རླུང་ཚངས་ནས་མི་ལ་ཉོབ་མདངས་ཆེ་བ་དང་། ལྟོའི་དང་ཁ་ཉམས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། གལ་ཏེ་དབྱར་དུས་རྐང་པ་ཆུ་ཚ་པོའི་ནང་སྦངས་ཚེ་གཟུགས་པོའི་རྩ་ལམ་བཤངས་ཤིང་དབང་ནུས་འཕེལ་ཏེ་ཆམ་པ་ཕོག་རྒྱུར་སྔོན་འགོག་བྱེད་ཐུབ་ལ། ལྟོའི་དང་ཁ་འབྱེད་པ་དང་། གཉིད་ཀྱང་སྐྱིད་པོ་ཞིག་ཁུག་ཐུབ། ལྷག་པར་དུ་ཕོ་བ་དང་མཚེར་པ་ཡག་པོ་མེད་ཚེ་དབྱར་དུས་རྐང་པ་ཆུ་ཚ་པོའི་ནང་སྦོང་བའི་གོམས་གཤིས་འཇགས་ན་ལུས་པོའི་གྲང་བ་བསལ་ནས་རླུང་གསོ་བར་ཕན་པ་ཤིན་ཏུ་ཆེ་བས། དེ་ནི་ཕོ་བ་དང་མཚེར་པ་གསོ་བའི་ཐབས་མཆོག་ཅིག་ཡིན་ཞིང་། ཐབས་འདིར་ཡང་ཀྲུང་ལུགས་གསོ་རིག་སྨན་པས་ཁས་ལེན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།