དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་སོགས་གྲོང་ཁྱེར་4ཡི་ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་གི་སློབ་བསྡུའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཟིན་པ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-23

    ཚེས་22ཉིན་གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་2015ལོའི་ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་གི་སློབ་བསྡུའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཟིན་པ་རེད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ཚོས་96811513ལ་ཁ་པར་བརྒྱབ་ནས་ཡིད་རྟོན“བོད་ཀྱི་ཆུང་རྒྱུགས་འདྲི་རྩད”ཀྱི་སྤྱི་དམངས་ཨང་གྲངས་ལ་དོ་ཁུར་བྱེད་པ་དང“གྲོང་ཁྱེར་ལ་དགའ་ཞེན”གྱི་དུད་སྣེ་ཚང་མ་ནས་འདྲི་རྩད་བྱེད་ཆོག

    རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི་སྐར་གྲངས་ཀྱི་ཚད་གཞི་ས་ཁུལ(གྲོང་ཁྱེར)ཁག་གི་སློབ་བསྡུ་སྡེ་ཚན་སོ་སོས་བཟོ་རྒྱུ་ཡིན་པ་དང་སློབ་བསྡུའི་མི་གྲངས་འཆར་འགོད་གཏན་འཁེལ་བྱེད་དགོས། ཟླ་8པར་ལྗོངས་སློབ་གསོ་ཐིང་གི་འབྲེལ་ཡོད་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས། 

    འདི་ལོ་ལྗོངས་ཡོངས་སུ་ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭར་མིང་ཐོ་འགོད་མཁན་13324ཡོད་པ་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་གཅིག་གྱུར་ཡིག་རྒྱུགས་ཀྱི་སྐར་གྲངས་གཞིར་བཟུང་ལེགས་འདེམས་བསྡུ་ལེན་བྱ་རྒྱུ་དང་། ཡིག་རྒྱུགས་ནང་ཞུགས་མཁན་ཚང་མར་བྱ་དགའི་རང་བཞིན་གྱི་སྐར་མ་སྣོན་ཆོག་གི་མེད། ལྗོངས་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཏེ། མོན་པ་རིགས་དང་། ལྷོ་པ་རིགས། ཤར་པ་བ། ཏེང་པ་བ་བཅས་ལ་རིགས་གཅིག་མཚུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་རྨང་གཞིའི་ཐོག་སྐར་མ་20དམའ་རུ་གཏོང་རྒྱུ་དང་དྭ་ཕྲུག་ཁང་གི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར(ལྟ་སྐྱོང་བྱེད་མཁན་མེད་པ)རིགས་གཅིག་མཚུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་རྨང་གཞིའི་ཐོག་སྐར་མ་10དམའ་རུ་གཏོང་རྒྱུ་རེད། 

    ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པའི་སློབ་མ་རྣམས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གཅིག་གྱུར་སྒྲིག་འཛུགས་འོག་བོད་ནས་རྡོག་ཐོན་བྱ་རྒྱུ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འགན་འཁུར་ནས་སྒྲིག་འཛུགས་བྱས་ཏེ་སྐྱེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།