དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚྭ་བཟས་དྲགས་ན་གནོད་པ་ལས་ཕན་པ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-19

    དེང་གི་མི་མང་པོ་ཞིག་ལ་སྙིང་ཁམས་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཕོག་གི་ཡོད་ཅིང་། ཚད་ངེས་ཅན་ཞིག་ནས་བརྗོད་ན། དེ་ནི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཚྭ་ཟ་ཚད་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། ཚྭ་བཟའ་རྒྱུ་ཚད་ལས་བརྒལ་ཚེ་ཁྲག་ཤེད་མཐོ་བའི་ནད་ཕོག་ཉེན་ཆེ་བས་ང་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་ཚྭ་བཟའ་རྒྱུར་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།

    ང་ཚོས་ཉིན་རེའི་ཚྭའི་མང་ཉུང་དེ་ཇི་ཙམ་དུ་ཚོད་འཛིན་བྱ་དགོས་སམ་ཞེ་ན། སྤྱིར་ཉིན་རེའི་ཚྭའི་མང་ཉུང་དེ་ཁེ་6(ཐུར་མ་གང་གི་ཚད)གི་ནང་ཚོད་འཛིན་བྱེད་དགོས། གལ་སྲིད་ཁ་ལག་ཚྭ་ཁུ་བཟའ་རྒྱུར་དགའ་པོ་ཡོད་ཚེ་ངེས་པར་དུ་སྔོ་ཚལ་མང་ཙམ་ཟ་དགོས་པ་དང་། ཁ་ལག་བཟས་རྗེས་ཤིང་ཏོག་རིགས་ཀྱང་མང་ཙམ་ཟ་དགོས། དེས་ན་ཕྱིའི་ཟ་ཁང་དུ་ཁ་ལག་ཟ་བར་ཉུང་ཙམ་བསྐྱོད་དེ་རང་ཉིད་ཀྱིས་བཟོས་པ་མང་ཙམ་བཟས་ན་དེ་བས་ལེགས། དེ་བཞིན་རང་ཉིད་ཀྱིས་ཁ་ལག་བཟོ་བའི་སྐབས་སུ་ཚྭའི་མང་ཉུང་ལ་ཚོད་འཛིན་བྱས་ཏེ་ཚྭ་ཉུང་ཙམ་རྒྱག་དགོས་པ་དང་། ཁ་ལག་གི་བྲོ་བ་མི་ཉམས་ཕྱིར་རྒྱུན་སྤྱོད་ཀྱི་ཤ་སྨན་གཞན་ཅུང་མང་ཙམ་བླུགས་ནའང་ཆོག

    གང་ལྟར་ང་ཚོས་རང་ཉིད་ཀྱི་བདེ་ཐང་ཆེད་དུས་རྒྱུན་ནས་ཚྭ་ཉུང་ཙམ་ཟ་དགོས་པ་དང་། ཚྭ་སྤུས་ཡག་ཙམ་ཟ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།