གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་6ཚེས་8ཉིན་ནས་ཟླ་6ཚེས་14ཉིན་བར)
གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲི་ས་ཁུལ་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་ས་ཁུལ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་ཡིན་པའི་ནང་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་གྲོང་ཁྱེར་་དང་། ནག་ཆུ་ས་ཁུལ་དབུས་ཤར་རྒྱུད། ཆབ་མདོ་གྲོང་ཁྱེར་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་མཇུག་ཏུ་ནག་ཆུ་ས་ཁུལ་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ལྷོ་ནུབ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་ཤར་རྒྱུད་ས་ཁུལ་དུ་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་ས་ཆ་ཁག་གཅིག་ཏུ་ཤྭ་འོད་ཀྱི་ས་གཤིས་གནོད་འཚེ་དང་། གཙང་ཆུ་འབྲིང་ཆུང་ཁུལ་དུ་ཆུ་ལོག་ཐོན་རྒྱུར་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།
2.ཞིང་ཁུལ་གཙོ་བོར་ཆར་ཆུ་འབབ་རྒྱུ་ཡིན་པ་དེས་ས་རྒྱུའི་བཞའ་ཚན་ལ་ཕན་ཐོགས་ཡོད་མོད། འོན་ཀྱང་ཆར་ཆུ་འབབ་ཤུགས་ཆུང་བས་ཞིང་ཆུ་འདྲེན་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས།
3.ཡོམ་ཁུལ་དང་བཀོད་སྒྲིག་བྱ་ཡུལ་དུ་ཆར་ཆུ་མངོན་གསལ་དོད་པོ་མེད་པས་གནམ་གཤིས་ལ་བལྟས་ན་གེགས་ཚུལ་དཔྱད་དཔོག་དང་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་སོགས་ལས་དོན་སྤེལ་རྒྱུར་འཚམ་པོ་ཡོད་པ་རེད།