དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མཁལ་མར་སྟབས་བདེ་ཤོས་ཀྱི་དུག་འདོན་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-08

    བོད་ལུགས་དང་ཀྲུང་ལུགས་གསོ་རིག་ནང་དུ་སྔོ་སྨན་འུ་སུའམ་མིང་གཞན་བསོད་ནམས་དཔལ་འཛོམས་ཞེས་འབོད་པ་དེས་ཁྱིམ་ཚང་ནང་དུ་སྟབས་བདེ་ལ་འགྲོ་སོང་ཆུང་ངུའི་སྒོ་ནས་མཁལ་མར་དུག་འདོན་གྱི་ནུས་པ་ཐོན་གྱི་ཡོད།

    མི་ལོ་ག་ཚོད་ཀྱི་མང་བ་སོང་ན་མི་ལུས་ཀྱི་མཁལ་མས་ལུས་ཀྱི་དྭངས་སྙིགས་འབྱེད་པ་དང་ཚྭ་རྒྱུ་དང་དུག་རྒྱུ་སོགས་མི་ལུས་ལ་མི་མཁོ་བའི་སྙིགས་མ་ལུས་ཕྱིར་འདོན་བཞིན་ཡོད།དུས་ཚོད་རིང་པོ་འདས་པ་དང་ཟས་རིགས་ནང་གི་ཚྭ་དང་དུག་རྒྱུ་མང་པོ་ལུས་པོའི་ནང་དུ་ཕུང་གསོག་ཐེབས་ཡོད་ན་ངེས་པར་དུ་མཁལ་མར་དུག་འདོན་གཙང་སེལ་བྱ་དགོས་པ་རེད།

    དེ་ལ་སྟབས་བདེའི་ཐབས་ཤེས་གཅིག་ཡོད་པ་ནི་དང་ཐོག་སྔོ་སྨན་འུ་སུ་ཆག་པ་གཅིག་གཙང་མར་བཀྲུས་རྗེས་དུམ་བུ་ཆུང་ངུར་བཏུབ་ནས་ཆུ་གཙང་མའི་ནང་ཆུ་ཚོད་སྐར་མ་བཅུ་ཙམ་བསྐོལ་དགོས། དེ་གྲང་མོ་ཆགས་རྗེས་ཤེལ་དམ་སོགས་སྣོད་ཆས་གཙང་མའི་ནང་དར་ཚགས་བརྒྱབ་ནས་སྨན་ཆུ་འཁྱག་སྒམ་ནང་དུ་སོས་ཉར་བྱ་དགོས་པ་དང་ཉིན་ལྟར་དཀར་ཡོལ་ཆུང་ངུ་གང་རེ་བཞེས་ན་མི་ལུས་ལ་མི་མཁོ་བའི་དུག་རྒྱུ་རྣམས་གཅིན་ལམ་རྒྱུད་ནས་ལུས་ཕྱིར་བོར་བས་མཁལ་མར་དུག་འདོན་གྱི་ནུས་པ་ཐོན་ཡོད་པ་རེད།ཐབས་ཤེས་དེ་རིགས་ད་དུང་བྱིས་པའི་ཆམ་རིམས་དང་སིབ་བི་སོགས་ཚ་བ་ཆེ་བའི་ནད་རིགས་ལ་བེད་སྤྱོད་བྱས་ཚེ་ལུས་ཀྱི་ཚ་བ་སྔ་ཙམ་སྨིན་ཐུབ་པའི་ནུས་པ་མངོན་གསལ་ཐོན་ཐུབ།   སྔོ་སྨན་འུ་སུ་ནི་སྲོལ་རྒྱུན་གསོ་རིག་ལག་ལེན་པ་དང་རྒྱུན་གཏན་མི་རྣམས་ཀྱི་འཚོ་བའི་ཁྲོད་དུའང་ཟས་རིགས་ཀྱི་སྨན་སྣར་སྤྱོད་བཞིན་ཡོད་པས་རང་བྱུང་གི་དུག་འདོན་སྔོ་སྨན་ཞིག་ཡིན་པར་ཀུན་གྱིས་ཁས་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།