དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞིང་སྤྱོད་འཕྲུལ་ཆས་ཀྱི་སྟབས་བདེའི་ངང་ནས་སྣུམ་བཀག་སྒྲིག་ཐབསདང་འཁོར་ལོ་སྒྲིག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-08

    1.སྣུམ་བཀག་སྒྲིག་ཐབས།ཞིང་སྤྱོད་འཕྲུལ་ཆས་ཀྱི་འཁོར་རྟེན་ཐོག་སྣུམ་བཀག་སྒྲིག་པའི་སྐབས་སུ་དེའི་ཁ་སུབ་ཀྱི་ནང་དུ་ཀོང་ཀོང་ཆག་བདེ་བའི་དབང་གིས་སྣུམ་ཟག་སླ་པོ་ཡོད།དེའི་སྐབས་སུ་ཤོག་བུ་གཙང་མ་ཡིན་ལ་ཅུང་མཁྲེགས་ཤིང་སྲབ་སྲབ་ཡིན་པ་ཞིག་དུང་ཆེན་གྱི་དབྱིབས་ལྟར་གྱི་ཤོག་སྒྲིལ་ཞིག་བཟོས་ནས་སྣེ་མོ་ཆུང་བ་དེ་འཁོར་རྟེན་གྱི་ཕྱི་ངོས་སུ་ཕྱོགས་ནས་གཡོགས་དགོས་པ་དང་།སྣུམ་བཀག་དེ་ཤོག་སྒྲིལ་གྱི་སྣེ་མོ་ཆུང་བའི་ངོས་སུ་བཞག་ཐོག་ལག་པས་ག་ལེར་སྣུམ་བཀག་འཁོར་རྟེན་ནང་བསྐོར་འདེད་བཏང་ཏེ་བསྐོར་འདེད་ཀྱི་ཁ་ཕྱོགས་དང་ཤོག་སྒྲིལ་གཅིག་མཚུངས་སུ་ཆགས་ཤིང་།སྣུམ་བཀག་དེ་སྐོར་འདེད་བཏང་ཚར་མཚམས་སུ་ཤོག་སྒྲིལ་ག་ལེར་མར་འཐེན་ན་འགྲིག 

    2.འཁོར་ལོ་སྒྲིག་ཐབས། ཐོག་མར་འཁོར་ལོའི་སྟེང་གི་ལྕགས་བཙའ་ཕྱིས་དགོས་པ་དང་འཁོར་ལོའི་ནང་འགྱིག་དང་ཕྱི་འགྱིག་དབར་ལ་འཇམ་འདྲེད་རྡོ་ཕྱེ་བྱུག་དགོས།དེ་རྗེས་འཁོར་ཟིན་ལྕགས་འཁོར་འཁོད་སྙོམས་པོར་བཞག་ནས་དེའི་ཐོག་ཕྱི་འགྱིག་འཁོར་བཞག་ཏེ་རྐང་གནོན་ལྕགས་ཧྲེང་གིས་ཕྱི་འཁོར་གྱི་སྣེ་མོ་ལྕགས་འཁོར་ནང་གནོན་འཇུག་བྱེད་ཅིང་།དེ་ནས་ནང་འགྱིག་བཅུག་ཐོག་ལྕགས་སྐུད་ཕྲ་པོ་ཞིག་གིས་ཕུ་སླུག་སྣེ་མོ་ལྕགས་འཁོར་གྱི་ཕུ་སླུག་སྣེ་མོ་བཏོན་སའི་ཨེ་ཁུང་དང་འཁེལ་བ་བྱས་ནས་བསྡམས་ཐོག་དེ་ནས་ཕྱི་འགྱིག་གི་སྣེ་མོ་གཞན་དེ་འཇུག་དགོས།ཕུ་སླུག་སྣེ་མོའི་ངོས་ནས་འགོ་བཙུགས་ཐོག་འཁོར་ལོའི་ནང་སྣེ་ལྕགས་ཧྲེང་གིས་ལྕགས་འཁོར་ནང་གནོན་འཇུག་བྱེད་ཅིང་།དེ་ནས་རིམ་པ་བཞིན་དུ་ཕུ་སླུག་སྣེ་མོའི་གཡས་གཡོན་གཉིས་ནས་གནོན་འཇུག་བྱེད་དགོས།དེ་དང་ཆབས་ཅིག་རྐང་པས་ཕུ་སླུག་སྣེ་མོའི་ཁ་འཕྲོད་ཀྱི་འཁོར་ལོའི་ཐོག་གནོན་པ་དང་རྐང་པས་གནོན་གིན་གནོན་གིན་ལ་ལྕགས་ཧྲེང་གིས་གནོན་འཇུག་བྱེད་ཀྱིན་བྱས་ནས་ཕྱི་འགྱིག་འཁོར་ལོ་རིམ་པ་བཞིན་དུ་ལྕགས་འཁོར་ནང་དུ་བཅུག་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།