དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གློ་མིག་ནང་དངོས་པོ་ཤོར་བ་ལས་སྐྱོབ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-08

    གློ་མིག་ནང་དངོས་པོ་ཤོར་བ་ཕལ་ཆེར་ཕྲུ་གུར་འབྱུང་སྲིད་པ་སྟེ། དེ་ཡང་གཙོ་བོ་ཕྲུ་གུའི་སོ་ཆ་ཚང་སྐྱེས་མེད་པས་ཁ་ཟས་ལྡད་བྱེད་ཀྱི་ནུས་པ་ཞན་པ་དང་། བསམ་ཤེས་མི་ཐུབ་པ། ཁ་ནང་དུ་སྲན་མ་སོགས་ཟས་རིགས་མཁྲེགས་པོ་སླེབས་པའི་སྐབས་ཤུགས་ཀྱིས་ངུ་བ་དང་། བརྒྱལ་བ། ཡང་ན་གན་རྐྱལ་དུ་ཟས་ཟ་བ་བཅས་ཀྱིས་རྐྱེན་པས་ཟས་རིགས་གློ་མིག་ནང་དུ་ཤོར་སླ་བ་དེ་ནི་རྒྱུན་དུ་མཐོང་མང་བའི་ཛ་དྲག་ཅན་གྱི་ནད་ཅིག་རེད། 

    ཕྲུ་གུའི་གློ་མིག་ནང་དངོས་པོ་ཤོར་ཚེ་ངེས་པར་དུ་འཚབ་འཚུབ་བྱ་རྒྱུ་མེད་པར་ཐབས་ཤེས་གང་བཟང་གིས་ཕྲུ་གུ་ངུ་རུ་མི་འཇུག་པ་དང་དུས་མཚུངས་མྱུར་དུ་སྨན་ཁང་དུ་བསྐྱལ་ནས་གློ་ཡུའི་འཕྲུལ་ཆས་ཀྱི་རོགས་རམ་འོག་དངོས་པོ་ཕྱིར་འདོན་ཐབས་བྱ་དགོས་པ་ལས། གློ་བའི་ནང་གི་གྲུབ་ཆ་ཆེས་མང་བར་བརྟེན་དངོས་པོ་རང་ཤུགས་ཀྱིས་གློ་མིག་ནས་ཕྱིར་དོན་པའི་རེ་བ་བྱེད་མི་ཉན།

    དོ་སྣང་བྱ་དགོས་པ། རྒྱུན་དུ་ཕྲུ་གུ་ཟས་ཟ་བའི་སྐབས་རྩེད་མོ་རྩེ་མི་ཉན་ལ། ལོ་གསུམ་མན་གྱི་ཕྲུ་གུའི་ཁའི་ནང་ཟས་རིགས་མཁྲེགས་པོ་སོགས་ཡོད་ཚེ་ཕྲུ་གུར་མགོ་བསྐོར་ནས་ཕྱིར་འདོན་ཐབས་བྱ་དགོས་པ་ལས་ཕྲུ་གུ་ངུ་རུ་གཏན་ནས་འཇུག་རྒྱུ་མེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།