དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གོམས་གཤིས་ངན་པ་བཅོས། མིག་ལ་གཅེས་སྤྲས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-06

    6པའི་ཚེས་6ནི་རྒྱལ་ཡོངས་ཀྱི་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོ་ཡིན། 1996ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་དང་སློབ་གསོ་པུའུ། སྡེ་ཚོགས་ཀྲུང་དབྱང་། ཀྲུང་གོ་དབང་པོ་སྐྱོན་ཅན་ལྷན་ཚོགས་སོགས་ཚན་པ་12ཀྱིས་མཉམ་འབྲེལ་བརྡ་ཐོ་བཏང་ནས་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོ་དེ་རྒྱལ་ཁབ་ཀྱི་དུས་ཚིགས་ཉིན་མོ་ཞིག་ཏུ་འཛིན་རྒྱུ་དང་ཕྱོགས་མཚུངས་ལོ་རེའི་ཟླ་བ་6ཚེས་6ཉིན་དེ་རྒྱལ་ཡོངས་ཀྱི་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོར་གཏན་ལ་ཕབ། ད་ལོའི་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོའི་གཙོ་དོན་ནི་“མིག་འབྲུམ་གྱི་ལོང་བ་ལས་གྱེས་ཏེ་མིག་གི་བདེ་ཐང་ལ་དོ་འཁུར་བྱ་”ཞེས་པ་ཡིན། 

    མིག་འབྲུམ་ན་ཚར་སྔོན་འགོག་ཇི་ལྟར་བྱེད་དགོས་ཤེ་ན། ཆེད་ལས་མི་སྣས་དྲན་སྐུལ་བྱས་པར་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས་པ། ལག་པའི་གཙང་སྦྲར་དོ་སྣང་། ཨ་ཅོར་དང་ངོ་འཁྲུའི་དུང་བན་མཉམ་སྤྱོད་མི་བྱེད་པ། མིག་དམར་པོ་ཆགས་པ་དང་མིག་ལ་ན་ཟུག་གཏོང་བ། མིག་ཆུ་དོན་པ་སོགས་མི་བདེ་བ་བྱུང་ན་དུས་ཚོད་དམ་འཛིན་གྱིས་གཞུང་གཉེར་སྨན་ཁང་དུ་སྨན་བཅོས་བྱེད་དགོས། 

    མི་རྣམས་ཀྱིས་མིག་ལ་གཅེས་སྤྲས་དང་མིག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་བས་ཤུགས་ཆེར་གཏོང་ཆེད་འདི་གར་མིག་སྲུང་ཐད་ཀྱི་ཤེས་བྱ་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་ཡིན་ཏེ།  

    1、 མིག་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་ཐད། དཔེ་དེབ་བལྟ་བའམ་གློག་ཀླད་བེད་སྤྱོད་བྱེད་པ་སོགས་གང་ཡིན་ནའང་དུས་ཚོད་རིང་དྲགས་རྒྱུ་མེད། དུས་ཚོད་སྐར་མ་30ནས་ 40ཡི་བར་མཚམས་སུ་ངལ་གསོ་སྐར་མ་ 10—15བར་བརྒྱབ་སྟེ་རྒྱང་རིང་སུ་བལྟ་བ་སོགས་བྱས་ནས་མིག་ཤེད་ལྷོད་པོར་བབ་པ་བྱེད་དགོས། 

    2、མིག་ཤེད་སྦྱོང་བརྡར་ལ་དོ་སྣང་བྱས་ནས་མིག་གི་འགུལ་བསྐྱོད་སྦྱོང་བརྡར་རྒྱུན་འཁྱོངས་ཡོང་བ་བྱ་དགོས་པ། མི་རྣམས་ཀྱིས་མིག་ལ་ངལ་གསོ་ཐེབས་པའི་སྐབས་སུ་མིག་ཤེད་བདེ་སྲུང་རྩལ་ནུས་སྦྱོང་དགོས། ཕིང་ཕང་སྤོ་ལོ་དང་བྱ་སྒྲོ་སྤོ་ལོ་རྩེད་པ་སོགས་ཀྱིས་ཀྱང་མིག་གི་བདེ་ཐང་ལ་ཕན་པ་ཡོད། 

    3、མིག་ལ་ཕན་པའི་ཟས་རིགས་མང་ཙམ་སྤྱད་ནས་འཚོ་བཅུད་ཁ་གསབ་བྱེད་དགོས་པ།

    4、འཚོ་རྒྱུ་ཀ་པ་མང་ཙམ་ཟ་དགོས་པའི་ཐད། རྩི་ཏོག་རང་བཞིན་གྱི་ཟས་རིགས་ནང་གི་གུང་ལ་ཕུག་རྒྱུ་ཆས་མཐོང་བྱེད་དྲ་སྐྱིའི་ཐོག་འོད་སྣང་འཐེན་རྒྱུར་ཕན་པས་མཐོང་བྱེད་དབང་པོར་ཕན་པའི་ཞོར་དུ་མིག་ལ་སྲུང་སྐྱོབ་ཐུབ་སྟེ་རྒྱུན་གཏན་མཐོང་ཤེད་རྒྱུན་འཁྱོངས་འོང་བའི་སྨན་མཆོག་ཡིན། 

    5、ཆུ་ཁམས་གསབ་རྒྱུར་དོ་སྣང་བྱེད་དགོས་པའི་ཐད། དཔྱིད་དུས་སོགས་ཀྱི་ནམ་ཟླ་སྐམ་ཤས་ཆེ་སྐབས་མིག་ངོས་ཀྱི་ཆུ་ཁམས་རླངས་འགྱུར་མྱུར་བས་དེའི་ཚེ་ཆུ་ཁམས་གསབ་རྒྱུར་དེ་བས་དོ་སྣང་བྱེད་དགོས་པར། སྲན་མའི་ཟས་རིགས་དང་ཉ་ཤ། འོ་མ། སྔོ་ཚལ། པད་ཚལ་ཆེ་བ། ཁོག་སྟོང་སྔོ་ཚལ། ཀྲུ་མ་ཀྲུའམ་དེ་མིན་ཤིང་འབྲས་སོགས་ཀྱིས་མིག་ལ་སྲུང་སྐྱོབ་ཐུབ་རྒྱུར་ཕན་པ་ཡོད།  གཞན་ཡང་འོད་སྣང་མི་གསལ་བའི་ས་ཆར་དཔེ་དེབ་བལྟ་རྒྱུ་མེད་ལ་རྟག་པར་མིག་སྨན་བླུགས་རྒྱུ་མེད། ཉི་འོད་འགོག་པའི་མིག་ཤེལ་སྤུས་ཞན་དེ་བས་བཏགས་རྒྱུ་མེད།  

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།