དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གྲྭའི་རྐང་རྩེད་སྤོ་ལོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རོགས་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-04

    178662_yis_1433306335017_s.jpg

    2015ལོའི་ཟླ་3ཚེས་16ཉིན《ཀྲུང་གོའི་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》ཡོངས་བསྒྲགས་བྱས་ཏེ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སྐོར་གྱི་ལས་དོན་ལ་ཞིབ་བརྗོད་ཐེངས་17ཙམ་བྱས་པ་ལས་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་ཀྱིས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལས་དོན་ལ་མཐོང་ཆེན་བྱེད་ལུགས་མཚོན་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ལས་དོན་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་འཕྲད་ཡོད།

    སློབ་གྲྭའི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ནི་འཕྲལ་བདེ་འཕྲལ་ཕན་གྱི་བསམ་བློ་དོར་ནས་ཕྲུ་གུ་དེ་བས་མང་བ་རྐང་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་སུ་བཅུག་མཐར་ང་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་ཡིན་ཞིང་། འདི་ནི་2013ལོའི་ཟླ་11ཚེས་6ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་རྐང་རྩེད་སྤོ་ལོའི་མཐོ་རིམ་སློབ་འབྲིང་གི་རིམ་མཚུངས་མཉམ་འགྲན་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་སྤོ་ལོ་རྒྱག་མཁན་གྱིས་སྣེའུ་མཐོ་རིམ་སློབ་འབྲིང་གི་སྤོ་ལོ་རྒྱག་མཁན་དང་འགྲན་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།