དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རིག་དང་མཐུན་པའི་སྒོ་ནས་རྫས་ལུད་རྒྱག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-03

    རྫས་ལུད་རྒྱག་སྟངས་མ་འགྲིག་པ་དང་མང་དྲགས་ན་ཁོར་ཡུག་ལ་སྦགས་བཙོག་ཤོར་བ་དང་ཆབས་ཅིག་ལོ་ཏོག་ལ་གནོད་འཚེ་ཕོག་པ་དང་ས་རྒྱུའི་གྲུབ་ཆར་གཏོར་བཤིག་གཏོང་སྲིད།

    ①   ཆུ་ནང་རྫས་ལུད་འདྲེས་མང་ན་ཆུའི་ནང་གི་ཆུ་སྐྱེས་སྔོ་རིགས་མྱུར་དུ་འཚར་ནས་ཆུའི་སྤུས་ཀ་སྡུག་ཏུ་འགྲོ་བ་དང་། ཆུ་མདོག་ལྗང་ཁུ་དང་ནག་པོར་གྱུར་པ། ཚབས་ཆེ་སྐབས་དྲི་མ་རྒྱག་གི་ཡོད།

    ②   ས་རྒྱུའི་ནང་རྫས་ལུད་འདྲེས་མང་དྲགས་ན་སྔར་ཡོད་ས་རྒྱུའི་གྲུབ་ཆ་དང་ཁྱད་ཆོས་བསྒྱུར་ནས་ས་མཁྲེགས་པོ་ཆགས་པ་དང་སྐྱེ་ལྡན་དངོས་པོ་ཉུང་དུ་འགྲོ་གི་ཡོད།

    ③   རྫས་ལུད་རྒྱག་མང་དྲགས་ན་ལྕི་བའི་ལྕགས་རིགས་གྲུབ་ཆ་ཁོར་ཡུག་ནང་ཁྱབ་སྟེ་ཞིང་ལས་སྐྱེ་དངོས་ཀྱིས་འཐེན་ནས་ལུས་ཁམས་བདེ་ཐང་ལ་གནོད་སྲིད་པས་ཡིད་གཟབ་གནང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།