ཉེ་བའི་ལོའི་ནང“4·23འཛམ་གླིང་དཔེ་ཀློག་ཉིན་མོ”དང་། “དཔེ་མཛོད་ཁང་གི་ཞབས་ཞུ་དྲིལ་བསྒྲགས་གཟའ་འཁོར” “དྲུག་གཅིག་བྱིས་པའི་དུས་ཆེན”སོགས་རྟེན་འབྲེལ་བྱེད་སྒོ་དང་བསྟུན་ནས་བོད་ལྗོངས་དཔེ་མཛོད་ཁང་གིས་མི་སྣ་སྒྲིག་འཛུགས་དང་དངོས་པོ་བཏང་སྟེ་དམངས་ཡོངས་ཀྱིས་དཔེ་དེབ་ཀློག་པ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྣ་ཚོཌ་སྤེལ་ནས་དམངས་ཡོངས་ལ་དཔེ་ཀློག་གི་གལ་ཆེའི་རང་བཞིན་དྲིལ་བསྒྲཌ་ཤུཌ་ཆེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་བོད་ལྗོངས་དཔེ་མཛོད་ཁང་གིས་ལྷ་ས་གྲོང་ཁུལ་དང་ས་ཁུལ་དང་གཞི་རིམ་དུ་དམངས་ཡོངས་ཀྱིས་དཔེ་དེབ་ཀློག་པ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་དགུན་ཁའི་གུང་གསེང་གི་དུས་ཚོད་སྤྱད་དེ་བོད་ལྗོངས་དཔེ་མཛོད་ཁང་གིས་སྔ་རྗེས་སུ“དཔེ་ཀློག་མཉམ་རོལ་དང་ཤེས་ཡོན་མཉམ་སྤྱོད”ཞེས་པའི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱེད་སྒོ་སྤེལ་གྱི་ཡོད། རྒྱལ་ཁབ་རིམ་པའི་སྙེ་བྲིས་ཀྱི་བོད་ཡིག་ཡིག་གཟུགས་ཀྱི་མངོན་མིན་རྒྱུན་འཛིན་པ་ཆེད་མངགས་གདན་འདྲེན་ཞུས་ཏེ“སྙེ་བྲིས་ཀྱི་བོད་ཡིག་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ”གཉེར་བ་རེད། ད་དུང“ལེགས་སྦྱར་གྱི་ཡི་གེའི་རྨང་གཞིའི་གསོ་སྦྱོང་འཛིན་གྲྭ”དང“དམངས་ཡོངས་ཀྱིས་དཔེ་དེབ་ཀློག་པ་ཁྱབ་གདལ་གཏོང་མཁན་གསོ་སྦྱོང་འཛིན་གྲྭ”སོགས་འཚོཌ་ཡོད། རཌ་རྩིས་ལྟར་ན་གོང་གསལ་གྱི་བྱེད་སྒོ་དེ་དག་ནང་ཞུཌ་མཁན་མི་གྲངས་ཁྲི་5ལས་བརྒལ་ཡོད་པ་རེད།