དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཞན་ཡུལ་གྱི་མཚན་མོའི་དམ་བཅའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སྐལ་བཟང་ཆོས་སྒྲོན་གྱིས།   |     སྤེལ་དུས།  2015-06-02

    མེ་འཁོར་གྱི་དུང་སྒྲའི་ཀློང་ནས་ཕ་ཡུལ་གྱི་རི་ཆུ་ལ་གྱེས་ཕྱག་འབུལ་ཞོར་གཞན་ཡུལ་གྱི་འཚོ་བ་མདུན་དུ་བསུས། རེ་བས་ཁེངས་པའི་སེམས་ཆུང་འདི་གངས་ལྗོངས་ཀྱི་ཁ་བའི་འདབ་མ་ཇི་བཞིན་བསམ་གཞིག་གི་རླུང་བུས་གང་སར་གཡོ་དུས། ལྟ་འདོད་པ་ནི་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཁོ་ན་རེད། ངས་ཆེས་ཐོག་མའི་རྫི་གླུའི་དབྱངས་རྟ་དེ་ཇི་ལྟར་ཕྱིར་དྲན་བྱས་ཀྱང་། ངའི་ངག་ནས་ཐལ་བ་ནི་འགྲོས་མི་མཉམ་པའི་དེང་རབས་ཀྱི་གླུ་གཞས་ཁོ་ན་རེད། ངས་མཐོ་སྒང་རི་གྲོང་གི་ཨ་མ་རྒན་མོའི་བྱམས་བརྩེ་དྲན་དུས། ངའི་མིག་ཆུ་སྦི་རག་དང་འདྲེས་འགྲོ། ངས་རྟག་ཏུ་མཛེས་སྡུག་ལྡན་པའི་མ་འོངས་ཤིག་བཞེངས་སྐྲུན་བྱེད་མོད། འོན་ཀྱང་ངའི་ཕུགས་བསམ་ནི་གྲོང་ཁྱེར་གྱི་གཞོན་ནུ་མའི་བརྩེ་དུང་ལྟར་འགྱུར་བ་མང་ལ་ཐ་ན་རང་ཉིད་ལ་ཅི་ཞིག་མཁོ་བ་རང་ཉིད་ཀྱིས་ཀྱང་བརྗོད་ཐབས་བྲལ།

    ཕུཌ་བསམ། རྫི་གླུ། དབྱངས་རྟ་ཡོད་ཚད་ལ་འགྱུར་བ་མང་མོད། འོན་ཀྱང་རང་གིས་བསྒྲུབ་འདོད་པ་རྣམས་ལ་ངས་སྔར་བཞིན་འབད་བརྩོན་བྱེད་སྲིད་ལ། དེ་རྣམས་ནི་ངའི་འཚོ་བའི་དོན་སྙིང་ཡིན་པས་ལས་སླ་པོར་བློས་གཏོང་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།