དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་གཏམ་བཤད་འགྲན་བསྡུར་སྤེལ་བ།

  •     སྤེལ་དུས།  2015-06-02

    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་སློབ་མའི་སློབ་གསེང་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་5ཚེས་28ཉིན“ཀྲུང་གོའི་ཕུགས་འདུན་དང་། དགེ་འོས་ཆེད་ཚན་སློབ་གྲྭའི་ཕུགས་འདུན། ངའི་ཕུགས་འདུན”ཞེས་པའི་བརྗོད་དོན་གཙོ་བའི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད། ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནང་དུ་བོད་སྐད་ཚོགས་ཆུང་དང་རྒྱ་ཡིག་ཚོགས་ཆུང་དབྱེ་ཡོད་པ་དང་། ཞིབ་དཔྱད་ཨུ་ཡོན་ཚོས་གཏམ་བཤད་ཀྱི་ནང་དོན་དང་། ཐབས་རྩལ། ཕན་འབྲས་སོགས་ལ་གཞིགས་ནས་སྐར་གྲངས་བརྒྱབ་པ་རེད། བདམས་ཐོན་པ་བྱུང་བའི་འགྲན་ཞུགས་པ་36གིས་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པ་བརྒྱུད། བྱ་དགའ་རིམ་པ་དང་པོ་ཐོབ་མཁན་མི་2དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་མི་4 བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་མི་6བྱུང་ཡོད། དེ་དག་གི་ཁྲོད་ཧྥེ་ཀུའེ་མའེ་ལ་རྒྱ་སྐད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། སྤེན་པ་ནོར་བུ་ལ་བོད་སྐད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། 

    QQ截图20150602102002.png

    འདི་འགྲན་ཞུགས་པས་གཏམ་བཤད་སྤེལ་བའི་གནས་ཚུལ་ཡིན་པ། 

    QQ截图20150602101932.png

    འདི་འགྲན་ཞུགས་པས་བྱ་དགའ་ལེན་པའི་གནས་ཚུལ་ཡིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།